དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་ཐོན་རྫས་རྩེ་གྲ་ཤང་ཀང་གི་ཞིམ་ཟས་དངོས་མང་སྟོན་ཚོགས་ལ་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-27

    ཉིན་ཤས་གོང་། ཀུན་གྱིས་དོ་སྣང་བྱེད་པའི་2024ལོའི་ཀྲུང་གོའི་ཤང་ཀང་རྒྱལ་སྤྱིའི་ཞིམ་ཟས་དངོས་མང་སྟོན་ཚོགས་ཤང་ཀང་ཚོགས་འགྲེམས་ལྟེ་གནས་སུ་འགོ་ཚུགས་ཤིང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས“ལྷ་སའི་ཐོན་རྫས་རྩེ་གྲའི”སྤུས་ལེགས་ཁེ་ལས་15འགྲེམས་ཚོགས་ལ་ཞུགས་རྒྱུའི་སྒྲིག་འཛུགས་བྱས་ཏེ། སྦས་ལུང་གི་གཏེར་ཆུ་དང་། འབྲི་ཞོ། གངས་ལྗོངས་ཀྱི་ནས་སོགས་ཐོན་རྫས་དག་དེ་བས་རྒྱ་ཆེ་བའི་རྒྱལ་སྤྱིའི་ཁྲོམ་རར་བཏོན་ནས་འཛད་སྤྱོད་པར་ས་གནས་ས་ཐོག་ཏུ་གངས་ལྗོངས་ས་མཐོའི་ལྷད་མེད་ཞིམ་ཟས་མྱོང་རོལ་ཐུབ་པ་བྱས་ཡོད། 

    དེ་ནི་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཚོགས་པ་སྒྲིག་འཛུགས་བྱས་ནས་ཤང་ཀང་དུ་འགྲེམས་ཚོགས་ལ་ཞུགས་ཐེངས་གཉིས་པ་ཡིན་པ་དང་། འགྲེམས་ཞུགས་ཐོན་རྫས་ནང་འཐུང་ཆུ་དང་། ནས། ཇ་ལོ། པད་ཁའི་སྣུམ། བོད་སྨན། ཚགས་ཤ་ལ་སོགས་པའི་ཁྱད་ལྡན་ཐོན་རྫས་རྩེ་གྲ་ཚུད་ཡོད། བྱེད་སྒོ་སྤེལ་ཡུལ་དུ་རྒྱལ་ཁབ་དང་ས་ཁུལ་69ཡི་ལས་རིགས་ཁྲི་2ལྷག་ཙམ་གྱི་ཕུལ་བྱུང་མི་སྣ་དང་། ཚོང་ལས་ལས་རིགས་ཀྱི་གཙོ་འཛིན། ལས་རིགས་ཁག་གི་སྐུ་མགྲོན་བཅས་ལྷན་དུ་འཛོམས་ནས“ལྷ་སའི་ཐོན་རྫས་རྩེ་གྲ”རྒྱལ་སྤྱིའི་གར་སྟེགས་ཐོག་བཏོན་པའི་ངོ་མཚར་ལ་དཔང་པོ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགོ་ཚུགས་མཛད་སྒོའི་ཉིན་དེར། ལྷ་སའི་འགྲེམས་ཁང་གིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་ལྟ་སྐོར་བ་དང་དེ་བཞིན་ཚོང་པ་མི་ཐེངས་ཁྲི་2ལྷག་ཙམ་ལ་སྣེ་ལེན་ཞུས་པ་མ་ཟད། ཚོང་པ་དང་འབྲེལ་མཐུད་གྲོས་མོལ་ཐེངས་140ཙམ་བྱས་ཡོད། འགྲེམས་ཁང་གིས་ད་དུང་བཟའ་བཏུང་ཐོན་རྫས་སྣ་ཚོགས་སྤྲོད་པ་དང་བྲོ་བ་ལྟ་བའི་བྱེད་སྒོ་སྤེལ་བས་མི་ཐེངས་ཁྲི་3ལྷག་ཙམ་ལ་ཕན་པ་ཐོབ་པ་དང་འབྲེལ། ཐོག་མའི་འདོད་མཐུན་གྱི་ཉོ་སྒྲུབ་དང་བྲིན་ཚོང་གི་འབྲེལ་གཏུག་ཐབས་ལམ་11བདེ་བླག་ངང་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།