དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་དཀར་མཛེས་དཔལ་ཡུལ་རྫོང་གིས་ཤེས་ལྡན་པར་ལས་སྒྲུབ་ལས་གཏོད་ཀྱི་ལས་སྟེགས་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-26

    ཞོགས་པར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དཔལ་ཡུལ་རྫོང་གཙང་མདོ་ཤང་ཨ་ཟེར་གྲོང་ཚོའི་མོག་རོ་ནག་པོའི་རྟེན་གཞིར་གྲོང་མི་ཚོས་བྲེལ་འཚུབ་ཆེན་པོས་མོག་རོ་ནག་པོར་ཁུག་མ་འགེལ་བཞིན་ཡོད།“རྟེན་གཞིར་ལས་ཀ་བྱས་ཚེ་ཡོང་འབབ་བརྟན་པོ་ཡོད་པ་མ་ཟད། འདེབས་འཛུགས་ལག་རྩལ་ཡང་ཤེས་ཀྱི་འདུག”ཅེས་རྟེན་གཞིར་ལས་ཀ་བྱེད་མཁན་དམའ་ནག་གྲོང་ཚོའི་གྲོང་མི་ཨ་ཤ་ཡིས་བཤད། མོག་རོ་ནག་པོའི་རྟེན་གཞི་བསྐྲུན་ནས་ལོ་གཅིག་ལྷག་ཙམ་སོང་ཚུན། ས་གནས་དེ་གར་དཔལ་འབྱོར་གྱི་ཕན་འབྲས་སྒོར་ཁྲི་7ལྷག་ཙམ་ཐོན་པ་དང་གྲོང་མི་རྣམས་སྒོ་འགྲམ་དུ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་དཔལ་ཡུལ་རྫོང་གིས་ཤེས་ལྡན་པ་ནང་འདྲེན་དང་ཕ་ཡུལ་གྱི་ཤེས་ལྡན་པ་གསོ་སྐྱོང་ཟུང་འབྲེལ་གྱིས་ཁ་ཕྱོགས་གཏན་འཁེལ་གྱི་འབྲེལ་མཐུད་དང་རྒྱུན་གཏན་གྱི་བཅར་འདྲི་སོགས་ཀྱི་བྱ་ཐབས་བརྒྱུད་ཕྱི་ཕྱོགས་སུ་ཡོད་པའི་ཤེས་ལྡན་པའི་ལས་སྒྲུབ་ལས་གཏོད་དང་ཕ་ཡུལ་དུ་ལོག་འདོད་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ཏེ། ཕུལ་བྱུང་ཤེས་ལྡན་པ་ཕ་ཡུལ་དུ་ལོག་ནས་མ་འཇོག་དང་ལས་གཏོད་ལ་ལྕག་སྐུལ་བྱས་པ་དང་ཆབས་ཅིག ཕ་ཡུལ་གྱི་ཤེས་ལྡན་པའི་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཁར། དུས་བཀག་ཐོག་ཞིང་ལས་ཚན་རྩལ་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་ཆེད་ཤེས་ལྡན་པ་གསོ་སྐྱོང་བྱས་ཡོད།

    ཤེས་ལྡན་པར་ལས་སྒྲུབ་ལས་གཏོད་ཀྱི་ལས་སྟེགས་གཏོད་ཆེད། དཔལ་ཡུལ་རྫོང་གིས་ད་དུང་ཁྱད་ལྡན་ཐོན་ལས་སྣེ་འདྲེན་དུ་བྱེད་པའི་ཐོན་ལས་རྟེན་གཞི་སྐྱེད་སྲིང་ཤུགས་ཆེན་བྱས་པས། ད་ཆ་འབྲི་གཡག་དང་། ནས། ལག་ཤེས་བཟོ་རྩལ་ཐོན་རྫས། ཀྲུང་ལུགས་སྨན་རྒྱུ་སོགས་ཁྱད་ལྡན་ཐོན་ལས་12གྲུབ་ཡོད་པ་རེད། བསྡོམས་རྩིས་ལ་གཞིགས་ན། 2022ལོའི་ཚུན། དཔལ་ཡུལ་རྫོང་གིས་ཕུལ་བྱུང་ཤེས་ལྡན་པ་130ལྷག་ཙམ་གྲོང་ཚོར(སྡེ་ཁུལ)ལས་འགན་འཁུར་བར་བཏང་བ་དང་སློབ་ཆེན་སློབ་ཐོན་སློབ་མ་50སྡེ་ཁུལ་དུ་ལས་ཀ་བྱེད་པར་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།