དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་ཉེ་རབས་དང་དེང་རབས་ཀྱི་མཁས་དབང་གྲགས་ཅན་གྱི་རྩེར་སོན་བརྩམས་ཆོས་བརྒྱ་ཤང་ཀང་དུ་འགྲེམས་སྟོན་ཐེངས་དང་པོ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-26

    ཚེས་23ཉིན་ཤང་ཀང་འགྲེམས་ཚོགས་ལྟེ་གནས་སུ“དེང་གི་དུས་འདི་རྣམ་པར་མཛེས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་མཁས་དབང་གྲགས་ཅན་གྱི་བརྩམས་ཆོས་འགྲེམས་སྟོན”འགོ་ཚུགས་པ་རེད། འགྲེམས་སྟོན་ཐོག་བསྡོམས་བརྩམས་ཆོས་120ལྷག་ཙམ་འགྲེམས་སྟོན་བྱས་པའི་ནང་རྒྱལ་ཁབ་རིག་དངོས་ཅུས་ཀྱི་དམིགས་བསལ་ཆོག་མཆན་ཐོབ་ནས་ཤང་ཀང་དུ་འགྲེམས་སྟོན་ཐེངས་དང་པོ་བྱས་པའི་རྩེར་སོན་བརྩམས་ཆོས་100དང་དེ་བཞིན་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་དེང་རབས་ཀྱི་སྐད་གྲགས་ཆེ་བའི་སྒྱུ་རྩལ་མཁས་ཅན་གྱི་བརྩམས་ཆོས་20ལྷག་ཙམ་ཚུད་ཡོད། དེའི་དམིགས་ཡུལ་ནི་ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས“ཀྲུང་གོ་གསར་པ་འཛུགས་སྐྲུན”གྱི་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་རྣམ་པ་མངོན་པར་བྱ་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།