དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བདུན་པའི་བར་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་གྲོང་དཀྱིལ་གྲོང་ཚོའི་བཀོད་སྒྲིག་སྡོད་ཁང་ལ་སྒྱུར་བཀོད་བྱེད་འགོ་ཚུགས་པ་དང་སྡོད་ཁང་ཆ་ཚང་ཁྲི་235གྲབས་གསོག་བྱས་པ།

    གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་བསྒྱུར་ནས་ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཏིང་དབྱི་ཐིང་།   |     སྤེལ་དུས།  2024-08-26

    2023ལོའི་ལོ་མཇུག་བར། རང་རྒྱལ་གྱི་གྲོང་ཁྱེར་འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་6.4ཟིན་ནས་མི་དུང་ཕྱུར་9.3ལྷག་ཙམ་གྲོང་ཁྱེར་དང་གྲོང་རྡལ་དུ་འཚོ་བ་སྐྱེལ་བཞིན་ཡོད་ཅིང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་། “གྲོང་ཁྱེར་འཛུགས་སྐྲུན་དང་། གཉེར་སྐྱོང་། བཅོས་སྐྱོང་བཅས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་དགོས”དང“བོགས་ཉོ་མཉམ་འཛིན་གྱི་སྡོད་ཁང་ལམ་ལུགས་འཛུགས་མགྱོགས་སུ་བཏང་ནས་ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་གང་མགྱོགས་གཏོད་དགོས”ཞེས་བཏོན་ཡོད།

    ཟླ་8ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པ་འཚོགས་པ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་འབྲེལ་ཡོད་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ལྗང་མདོག་དང་། ཐཱན་ཉུང་། རིག་ནུས། བདེ་འཇགས་བཅས་ཀྱི“ཁང་པ་ཡག་པོ”བསྐྲུན་པ།

    རང་རྒྱལ་གྱིས་ས་ཁང་བདག་ཁོངས་ཀྱི་སྲིད་ཇུས་མུ་མཐུད་ལེགས་སུ་བཏང་ནས་སྡོད་ཁང་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། 2023ལོའི་ལོ་མཇུག་བར། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་སྡོད་ཁང་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་40ལས་བརྒལ་བ་དང་། རིམ་རྩིས་བརྒྱབ་ན་འགན་སྲུང་རང་བཞིན་གྱི་སྡོད་ཁང་སྣ་ཚོགས་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་བཀོད་སྒྲིག་སྡོད་ཁང་ཆ་ཚང་ཁྲི་6400ལྷག་ཙམ་བསྐྲུན་པས། མང་ཚོགས་དུང་ཕྱུར་1.5ལྷག་ཙམ་གྱི་བདེ་སྡོད་ཕུགས་འདུན་འགྲུབ་པ་དང་། མ་མཐའི་འཚོ་བར་འགན་ལེན་དང་ཡོང་འབབ་དམའ་བའི་སྡོད་ཁང་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གཞི་རྩའི་ཆར་འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་བྱས་ཡོད།

    “རང་རྒྱལ་གྱི་སྡོད་ཁང་འཕེལ་རྒྱས་ཀྱི་གནས་བབ་དུས་མཚམས་གསར་པར་སླེབས་ནས་ཁ་ཕྱོགས་དེ‘ཡོད་མེད’ནས‘ཡག་པོ་ཡོད་མེད’དུ་སྒྱུར་བ་དང་། སྡོད་ཁང་གི་བྱེད་ནུས་དང་སྤུས་ཚད་ཐད་མི་དམངས་མང་ཚོགས་ལ་རེ་སྒུག་གསར་པ་ཡོད”སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་པུའུ་ཀྲང་ཉི་ཧུང་གིས། མི་དམངས་མང་ཚོགས་སྡོད་ཁང་སྔར་བས་ཡག་པར་སྡོད་དུ་འཇུག་དགོས་ན། ལྗང་མདོག་དང་། ཐཱན་ཉུང་། རིག་ནུས། བདེ་འཇགས་བཅས་ཕྱོགས་བཞིའི་ཁྱད་ཆོས་ལྡན་དགོས་པའི་ངོས་འཛིན་བྱས་ཡོད།

    མིག་སྔར། རང་རྒྱལ་གྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་འདོམས་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་ཁག་ལ་བགོས་འཚོང་རྣམ་པའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་དམ་འཛིན་བྱེད་པར་མཛུབ་ཁྲིད་བྱས་ཏེ་གླ་ཕོགས་དང་ཡོང་འབབ་ཡོད་པའི་ཚོགས་སྤྱིའི་སྡོད་ཁང་གི་དཀའ་ངལ་སེལ་ཤུགས་མགྱོགས་སུ་བཏང་ཡོད། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ཀྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་གྲོང་དཀྱིལ་གྲོང་ཚོའི་བཀོད་སྒྲིག་སྡོད་ཁང་ལ་སྒྱུར་བཀོད་བྱེད་འགོ་ཚུགས་པ་དང་། སྡོད་ཁང་ཆ་ཚང་ཁྲི་235གྲབས་གསོག་བྱས་པ་མ་ཟད། མ་དངུལ་སྒོར་དུང་ཕྱུར་4400ལྷག་ཙམ་བཏང་ཡོད།

    གན་རྒྱ་ལྟར་ལོ་མཇུག་གོང་རྩིས་སྤྲོད་བྱེད་དགོས་པའི་སྡོད་ཁང་ཆ་ཚང་ཁྲི་396གཏན་འཁེལ་བྱས་ནས་ཁང་སྤྲོད་འགན་ལེན་གྱི་འགག་སྒྲོལ་དམག་འཐབ་ཀྱི་དམིགས་ཚད་ལས་འགན་དུ་བརྩིས་པ།

    ཁང་སྤྲོད་འགན་ལེན་གྱི་ལས་དོན་ནི་ཁང་པ་ཉོ་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱེད་པའི་ལས་དོན་གལ་ཆེན་ཞིག་ཡིན་ལ། ཕྱོགས་ཁག་གི་སྔོན་དཔག་བརྟན་པོ་ཡོང་བ་དང་། ས་ཁང་བདག་ཁོངས་ཁྲོམ་རའི་ཡིད་ཆེས་འཕེལ་བ། ས་ཁང་བདག་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་བ་བཅས་ལའང་ཕན་ཐོགས་ཡོད།

    སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་པུའུ་ཀྲང་གཞོན་པ་ཏུང་ཅན་གོས་ངོ་སྤྲོད་བྱས་པར་གཞིགས་ན། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་དང་མཉམ་དུ་ས་གནས་ཁག་སྒྲིག་འཛུགས་བྱས་ནས་བཙོངས་ཟིན་ཡང་རྩིས་སྤྲད་མེད་པའི་ཚོང་སྒྱུར་སྡོད་ཁང་གི་རྣམ་གྲངས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་གན་རྒྱའི་ཁ་ཆད་ལྟར་ད་ལོའི་ལོ་མཇུག་གོང་རྩིས་སྤྲོད་དགོས་པའི་སྡོད་ཁང་ཆ་ཚང་ཁྲི་396གཏན་འཁེལ་བྱས་ནས་ཁང་སྤྲོད་འགན་ལེན་གྱི་འགག་སྒྲོལ་དམག་འཐབ་ཀྱི་དམིགས་ཚད་ལས་འགན་དུ་བརྩིས་ཡོད།

    ཏུང་ཅན་གོས། ས་ཁང་བདག་ཁོངས་འཕེལ་རྒྱས་གཏོང་སྟངས་གསར་པ་མགྱོགས་མྱུར་གཏོད་རྒྱུའི་ཐད་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་འབྲེལ་ཡོད་སྡེ་ཚན་གྱིས་གཤམ་གསལ་ཕྱོགས་འགའི་ཐད་ཀྱི་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱ་རྒྱུ་སྟེ། སྡོད་ཁང་མཁོ་སྤྲོད་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། གཙོ་བོ་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་མཁོ་སྤྲོད་བྱེད་ཚད་མང་དུ་གཏོང་རྒྱུ་དང་། “མི་དང་། ཁང་པ། ས་ཆ། མ་དངུལ”བཅས་ཀྱི་རྒྱུ་རྐྱེན་གཙོ་བོའི་མཉམ་འགུལ་ལམ་སྲོལ་འཛུགས་པ། ད་ཡོད་ཁང་པ་ཕྱིར་ཚོང་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་ཀྱི་མ་དངུལ་བསྡུ་སྒྲིལ་མཐུན་སྦྱོར་ལམ་སྲོལ་འཛུགས་པ། ལྗང་མདོག་དང་། ཐཱན་ཉུང་། རིག་ནུས། བདེ་འཇགས་བཅས་ཀྱི“ཁང་པ་ཡག་པོ”བསྐྲུན་པ། ཁང་པར་བརྟག་དཔྱད་དང་། ཁང་པའི་རྒན་གསོའི་དངུལ། ཁང་པའི་འགན་བཅོལ་ལམ་ལུགས་བཅས་ཞིབ་འཇུག་བྱས་ནས་འཛུགས་པ་དང་། ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་སྡོད་ཁང་བདེ་འཇགས་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས་ཞེས་བརྗོད་ཡོད།

    གནས་འཕྲོད་དང་། མཉེན་ལྡན། རིག་ལྡན་བཅས་ཀྱི་གྲོང་ཁྱེར་གཏོད་རྒྱུ་དམིགས་ཚད་དུ་བྱས་ནས་རྒྱུན་མཐུད་ཆོག་པའི་གྲོང་ཁྱེར་གསར་སྒྱུར་བྱེད་སྟངས་དང་སྲིད་ཇུས་ཁྲིམས་སྲོལ་བཙུགས་པ།

    གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ནི་གྲོང་ཁྱེར་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། “ང་ཚོས་གནད་དོན་དང་དམིགས་ཚད་ཕྱོགས་སྟེན་དུ་འཛིན་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་སྲིད་ཇུས་འདོན་པ་དང་། ཚོད་ལྟར་སྐུལ་འདེད། རྣམ་གྲངས་དམ་འཛིན་བཅས་བྱས་ཏེ་ས་གནས་ཁག་གིས་གྲོང་ཁྱེར་གསར་བརྗེས་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བར་མཛུབ་ཁྲིད་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད”ཅེས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་པུའུ་ཀྲང་གཞོན་པ་ཆིན་ཧའེ་ཞང་གིས་བཤད།

    གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། 2019ལོ་ནས་བཟུང་། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི་25.88ལ་སྒྱུར་བཀོད་བྱེད་འགོ་བཙུགས་པས་དུད་ཚང་ཁྲི་4434དང་གྲོང་མི་དུང་ཕྱུར་1.1ལྷག་ཙམ་ལ་ཕན་པ་ཐོབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་རིང་། ཆུ་དང་། གློག སོལ་རླངས། དྲོད་རླངས་སོགས་མདོང་ལམ་རྙིང་པ་སྤྱི་ལེ་ཁྲི་32.6ལ་སྒྱུར་བཀོད་རིམ་སྤོར་བྱས་པ་དང་། གློག་སྐས་ཁྲི་12.5མང་དུ་བཏང་བ། རྒན་གསོ་དང་བུ་བཅོལ་སོགས་སྡེ་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་སྣ་ཚོགས་ཁྲི་7.27མང་དུ་བཏང་ཡོད། ཁུལ་ཆུང་རྙིང་པ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག “འཇུག་སྒོ་ཆུང་ངུར”བརྟེན་ནས“དམངས་འཚོ་ཆེན་པོ”ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ལམ་འགྲམ་སྤྱི་གླིང་ཁྲི་4ལྷག་ཙམ་དང་གྲོང་ཁྱེར་གྱི་ལྗང་ལམ་སྤྱི་ལེ་ཁྲི་10ལྷག་ཙམ་བསྐྲུན་པ་དང་སྤྱི་གླིང་6100ནང་སྤང་ལྗོངས་སྤྱི་ཆིང་ཁྲི་1.1སྒོ་དབྱེ་མཉམ་སྤྱོད་བྱས་ནས་མང་ཚོགས་ཀྱིས་རང་བྱུང་ཁམས་དང་ཉེ་བཅར་དང་། སྤྲོ་གསེང་ངལ་གསོ། ལུས་རྩལ་ལུས་སྦྱོང་བཅས་བྱ་ཡུལ་མཁོ་འདོན་བྱས་ནས་གྲོང་ཁྱེར་དེ་བས་གནས་འཕྲོད་ཡོང་བར་བྱས་ཡོད།

    གྲོང་ཁྱེར་གྱི་ས་འོག་མདོང་ལམ་གསར་བརྗེས་དང་སྒྱུར་བཀོད་བྱེད་མགྱོགས་སུ་བཏང་ཞིང་། ཉེ་བའི་ལོ་ཤས་རིང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་ས་གནས་ཁག་ལ་སོལ་རླངས་དང་། ཆུ་མཁོ་འདོན། བཙོག་ཆུ་སོགས་ཀྱི་མདོང་ལམ་སྤྱི་ལེ་ཁྲི་10ལྷག་ཙམ་སྒྱུར་བཀོད་ལ་མཛུབ་ཁྲིད་བྱས་པ་དང་ཆབས་ཅིག སྒྱུར་བཀོད་དང་ཟུང་འབྲེལ་བྱས་ནས་གྲོང་ཁྱེར་གྱི་སྲོག་རྩ་ལྟ་བུའི་བདེ་འཇགས་ལས་གྲྭ་འཛུགས་སྐྲུན་བྱས་ཏེ་གྲོང་ཁྱེར་དོ་དམ་གྱི་མདོང་ལམ་དང་ཟམ་པ་སོགས་ལ་བདེ་འཇགས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་གཏོང་ནུས་པ་ཆེ་རུ་བཏང་ཡོད། “ལས་དོན་དེར་སྐུལ་འདེད་བཏང་བ་དེས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འབོར་ཆེན་བསལ་བ་མ་ཟད། རྨང་གཞིའི་སྒྲིག་བཀོད་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དེ་གཞན་དབང་གི་ཁ་གཏད་གཅོག་པ་ནས་རང་འགུལ་སྔོན་འགོག་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་གྱི་མཉེན་ཆ་དེ་བས་ཡག་ཏུ་ཕྱིན་ཡོད”ཅེས་ཆིན་ཧའེ་ཞང་གིས་བཤད།

    གྲོང་ཁྱེར་རིག་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། རང་རྒྱལ་གྱིས་གྲོང་ཁྱེར་གྱི་ཆ་འཕྲིན་རྣམ་པའི་རྨང་གཞིའི་ལས་སྟེགས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་གྱི་འཁོར་སྐྱོད་དོ་དམ་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་བྱེད་པ། གྲོང་ཁྱེར་ཞིབ་ལས་ཅན་དང་ཚན་རིག་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། གྲངས་འཛིན་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ལ་གཞིགས་པའི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱས་ཏེ། གྲོང་ཁྱེར་སྔར་བས་རིག་ལྡན་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།