དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྗང་མདོག་ཐཱན་ཉུང་གི་འཚོ་བ་དར་སྤེལ་བཏང་ནས་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀེ་མོང་ཁྲའོ།   |     སྤེལ་དུས།  2024-08-26

    མི་རིང་བའི་གོང་། སི་ཁྲོན་ཁྲེང་ཏུའུ་རུ“ཁོར་ཡུག་སྲུང་སྐྱོང་གི་གཟུགས་བརྙན་མངོན་པའི”ཁོར་ཡུག་སྲུང་སྐྱོང་གི་སྒྱུ་རྩལ་འགྲེམས་སྟོན་སྤེལ་བ་རེད། ད་རེས་ཀྱི་འགྲེམས་སྟོན་ཐོག་འོད་སྣང་ལག་རྩལ་དང་གད་སྙིགས་ཚུར་བསྡུར་བརྟེན་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བ་8ཀྱི་གཏམ་རྒྱུད་དངོས་སླར་ཡང་མཚོན་པར་བྱས་པ་སྟེ། དེ་དག་གྲས་སུ་གད་སྙིགས་བསྒྲུགས་ནས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྐྱེ་ཁམས་དང་བླངས་པ་ཡོད་ལ། པར་ཆས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ཟིན་འགོད་མཐའ་འཁྱོངས་བྱེད་པའི་འཁྲབ་ཁྲིད་པ་ཡོད་པ་དང་། སྒལ་པར་གད་སྙིགས་བྱུར་བུར་བླུགས་པའི་འགྱིག་དམ་འཁྱེར་བའི་སྲུང་སྐྱོང་བ་ཆུང་ཆུང་བཅས་ཀྱང་ཡོད།དེ་ནི་ཀྲུང་གོ་དངུལ་འབྲེལ་གྱིས་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་ཇུས་འགོད་བྱས་པ་དང་ཀྲུང་གོ་དངུལ་འབྲེལ་མཚོ་སྔོན་ཡན་ལག་ཀུང་སིས་སི་ཁྲོན་ཡན་ལག་ཀུང་སིའི་ཤུགས་ཆེའི་རྒྱབ་སྐྱོར་འོག་བཏོད་པའི་ཁོར་ཡུག་སྲུང་སྐྱོང་གི་སྒྱུ་རྩལ་འགྲེམས་སྟོན་ཞིག་རེད། དེ་བརྒྱུད་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བརྒྱུད་སྤྲོད་བྱས་ཏེ་མི་དེ་བས་མང་བ་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་དང་། རི་སྔོན་ཆུ་དྭངས་སྲུང་སྐྱོང་། མཛེས་སྡུག་ལྡན་པའི་ཀྲུང་ཧྭ་སྲུང་སྐྱོང་བཅས་ཀྱི་བྱ་སྤྱོད་ནང་ཞུགས་པར་འབོད་སྐུལ་བྱ་རྒྱུ་རེད།

    ཁོར་ཡུག་སྲུང་སྐྱོང་གི་སྒྱུ་རྩལ་འགྲེམས་སྟོན་ཕུད་ཀྲུང་གོ་དངུལ་འབྲེལ་གྱིས་ད་དུང་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་དུ“དངུལ་འབྲེལ་གྱི་སྐར་འོད་སྒོ་རྩིས་ཚོང་ཁང”གཉེར་ཡོད། གཙང་གསུམ་ཆུ་འགོའི་སྲུང་སྐྱོང་པ་ཚོས་བསྒྲུགས་པའི་གད་སྙིགས་སྐྱེ་ཁམས་སྐར་གསོག་དང་བརྗེ་བ་དང་སླར་ཡང་སྐར་གསོག་སྤྱད་དེ་རྒྱུན་སྤྱོད་དངོས་རྫས་དང་། དཔེ་དེབ། རི་མོའི་ཡོ་བྱད་སོགས་དངོས་ཟོག་བརྗེ་ཆོག་གི་ཡོད།

    ན་ནིང་ཟླ་6པར། དངུལ་འབྲེལ་གྱིས་སྤྲིན་རྩིས་མྱུར་སྤྲོད་ཀྱི“ཐཱན་ཉུང་འཆར་གཞིའི”བྱ་རིམ་ཆུང་གྲས་སུ“གཙང་གསུམ་ཆུ་འགོ”སྲུང་བའི་ཆེད་ཁུལ་བཙུགས་པས་སྤྱོད་མཁན་གྱིས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ཐོག་ནས་ལྗང་མདོག་གི་ནུས་ཚད་བསགས་པ་མ་ཟད། ནུས་ཚད་དེ་དག་གཙང་གསུམ་ཆུ་འགོ་སྲུང་སྐྱོང་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། ཞན་འགྱུར་རྩྭ་ས་བཅོས་སྐྱོང་། བྱེ་ས་བཅོས་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོང་གི་བྱ་སྤྱོད་དུ་སྤྱད་ནས་སྤྱོད་མཁན་གྱིས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་སྤྲོ་སེམས་དང་ཧུར་སེམས་འཕེལ་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།