དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འདི་ལོ་རང་རྒྱལ་གྱི་སྔ་སྨིན་འབྲས་ཀྱི་ཐོན་སྐྱེད་བརྟན་པོ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-26

    ཚེས་23ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་སྔ་སྨིན་འབྲས་ཐོན་སྐྱེད་གནས་ཚུལ་ཁྱབ་བསྒྲགས་བྱས་པར། 2024ལོར་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་འདེབས་ཁྱོན་གཅིག་མཚུངས་དང་ཅུང་འཕར་བ་དང་། གནམ་གཤིས་ཀྱི་གནོད་འཚེ་ཕོག་ནས་མུའུ་རེའི་ཐོན་འབབ་ཅུང་ཆག་སྟེ་སྔ་སྨིན་འབྲས་ཀྱི་སྤྱིའི་ཐོན་འབབ་ཏུན་ཁྲི་2817.4(རྒྱ་མ་དུང་ཕྱུར་563.5)ཟིན་པ་དེ་2023ལོ་ལས་ཏུན་ཁྲི་16.3(རྒྱ་མ་དུང་ཕྱུར་3.3)ཆག་ནས་ཆག་ཚད་0.6%ཟིན་ཡོད་པ་རེད། འདི་ལོ་དྲག་ཆར་བབས་པའི་རྐྱེན་གྱིས་སྔ་སྨིན་འབྲས་ཀྱི་ཐོན་འབབ་ཅུང་ཆག་མོད། འོན་ཀྱང་ལོ་4བསྟུད་མར་ཏུན་ཁྲི་2800(རྒྱ་མ་དུང་ཕྱུར་560)ཡན་ཟིན་ཏེ་སྤྱིའི་ཆ་ནས་ཐོན་འབབ་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད།

    2024ལོར་རྒྱལ་ཡོངས་སུ་སྔ་སྨིན་འབྲས་འདེབས་ཁྱོན་སྤྱི་ཆིང་སྟོང་4754.8(མུའུ་ཁྲི་7132.2)ཟིན་པ་དེ་ལོ་གོང་མ་ལས་སྤྱི་ཆིང་སྟོང་21.7(མུའུ་ཁྲི་32.5)འཕར་བ་དང་འཕར་ཚད་0.5%ཟིན་ཡོད། ས་ཁུལ་ཕྱེ་ནས་བལྟས་ན། སྔ་སྨིན་འབྲས་ཐོན་སྐྱེད་ཞིང་ཆེན(རང་སྐྱོང་ལྗོངས)10ཡི་ནང་ནས་8ཀྱི་འདེབས་ཁྱོན་ཆེ་རུ་ཕྱིན་ཡོད། འདི་ལོ་རྒྱལ་ཁབ་ཀྱིས་འབྲུ་རིགས་ཐོན་སྐྱེད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྔ་སྨིན་འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་མུ་མཐུད་མཐོ་རུ་བཏང་ཁར་སྔ་སྨིན་འབྲས་ཀྱི་ཁྲོམ་རའི་རིན་གོང་བརྟན་པོའི་ངང་འཕར་བས། ཞིང་དུད་ཀྱི་སྔ་སྨིན་འབྲས་བཏབ་པའི་ཁེ་འབབ་སྔོན་དཔག་ལྟར་བརྟན་པོ་བྱུང་ནས་ཞིང་པའི་འདེབས་འཛུགས་ཀྱི་ཧུར་སེམས་སྐུལ་སྤེལ་ནུས་ལྡན་བྱུང་ཡོད།

    2024ལོར་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་ཀྱི་མུའུ་རེའི་ཐོན་འབབ་སྤྱི་ཆིང་རེར་སྤྱི་རྒྱ་5925.4(མུའུ་རེར་སྤྱི་རྒྱ་395.0)ཟིན་པ་དེ་ལོ་གོང་མ་ལས་སྤྱི་ཆིང་རེར་སྤྱི་རྒྱ་61.6(མུའུ་རེར་སྤྱི་རྒྱ་4.1)ཆག་ནས་ཆག་ཚད་1.0%ཟིན་ཡོད་པ་རེད། སྔ་སྨིན་འབྲས་བཏབ་ཚུན་འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་གྱི་ཐོན་ཁུལ་གཙོ་བོ་མང་ཆེ་བའི་ཆ་སྙོམས་དྲོད་ཚད་ལོ་ལྟར་གྱི་དུས་མཚུངས་དང་འདྲ་པོ་ཡོད་པས“དཔྱིད་གྲང”གི་གནམ་གཤིས་མངོན་གསལ་དོད་པོ་བསྟན་མེད་པ་དང་། གནམ་གཤིས་དེ་སྔ་ལས་བརླན་གཤེར་ཆེ་བས་སྤྱིར་ན་སྔ་སྨིན་འབྲས་འདེབས་འཛུགས་དང་ལྗང་གསོ་དང་སྤོ་འཛུགས་སྔོ་ལོག་ལ་ཕན་ཐོགས་ཡོད་པ་རེད།

    རྒྱལ་ཁབ་བསྡོམས་རྩིས་ཅུས་གྲོང་གསེབ་སིའི་སི་ཀྲང་ཝང་ཀུའེ་རུང་གིས། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་རྙོག་འཛིང་ཆེ་ལ་ཛ་དྲག་པ་དང་གོ་ལ་ཧྲིལ་པོར་ཡ་ཡུད་ཆེ་བའི་གནམ་གཤིས་བསྟན་མང་བའི་གནས་ཚུལ་འོག་2024ལོར་རང་རྒྱལ་གྱི་དབྱར་འབྲུར་ཐོན་འཕར་དང་སྔ་སྨིན་འབྲས་ཀྱི་ཐོན་འབབ་བརྟན་པོ་རྒྱུན་འཁྱོངས་ཐུབ་ནས་ལོ་ཧྲིལ་པོའི་འབྲུ་རིགས་ལ་ལོ་ལེགས་ཡོང་བར་རྨང་གཞི་བཟང་པོ་བཏིང་བ་དང་། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་ཡག་པོ་ཡོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་བརྟན་པོ་བྱས་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།