དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས། ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ཀོང་ཤིས་སུ་སྤེལ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-26

    ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་8ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་24ཉིན་གྱི་སྔ་དྲོར། “གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས། ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཀྱི“ཀོང་ཤིས་ས་གཞི་ཆེན་པོར་རྣམ་པ་གསར་པ་མངོན་པའི”གཅིག་སྡུད་བཅར་འདྲིའི་བྱེད་སྒོ་ཀོང་ཤིས་མི་རིགས་རྟེན་མཛོད་ཁང་དུ་སྤེལ་འགོ་ཚུགས་པ་རེད། ཀྲུང་དབྱང་དང་ས་གནས་ཀྱི་གསར་འགྱུར་སྨྱན་སྦྱོར་གཙོ་བོ་དང་ལས་རིགས་སྨྱན་སྦྱོར་30ནས་ཡོང་བའི་རྩོམ་སྒྲིག་པ་དང་གསར་འགོད་པ་120ལྷག་ཙམ་ཀོང་ཤིས་སུ་བཅར་འདྲིར་བསྐྱོད་དེ། ལྟ་ཕྱོགས་མང་བ་དང་ཀུན་འདུས་སྨྱན་སྦྱོར་གྱི་རྣམ་པའི་ཐོག་ནས་ཀོང་ཤིས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་མགྱོགས་མྱུར་བཏང་བའི་གསོན་ཉམས་དོད་པའི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུ་རེད།

    ཀྲུང་དབྱང་དྲིལ་བསྒྲགས་པུས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་མཉམ་དུ་སྤེལ་བའི“གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས། ཀྲུང་ཧྭ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བཟུང་སྟེ་རིམ་ཁག་སྨྱན་སྦྱོར་སྒྲིག་འཛུགས་ཀྱིས་ནང་སོག་དང་། ཉིང་ཞ། ཀོང་ཤིས། བོད་ལྗོངས། ཤིན་ཅང་སོགས་སུ་བརྟག་ཞིབ་དང་བཅར་འདྲིར་བསྐྱོད་དེ། རང་སྐྱོང་ལྗོངས་5ཡིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་བྱས་པའི་གྲུབ་འབྲས་མངོན་གསལ་དོད་པོ་དྲིལ་བསྒྲགས་གང་ལེགས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་རྒྱུ་རེད།

    དུས་ཡུན་ཉིན་6གི་གཅིག་སྡུད་བཅར་འདྲི་བྱེད་རིང་། བཅར་འདྲི་ཚོགས་པ་ལྷོ་བྱང་ལམ་ཐིག་གཉིས་སུ་ཕྱེ་ནས་ཀོང་ཤིས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་དང་། ཐུན་མོང་ཕྱུག་འགྱུར་གྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས། ཕན་ཚུན་ལྟ་སྐྱོང་བྱེད་པའི་ཞི་མཐུན་ཁྱིམ་གཞིས། སྡོད་མལ་ཁམས་བདེའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས། མཐའ་མཚམས་བརྟན་ལྷིང་གི་དུས་བདེའི་ཁྱིམ་གཞིས་སོགས“ཁྱིམ་གཞིས་ལྔ”འཛུགས་སྐྲུན་བྱས་ཏེ་དུས་རབས་གསར་པར་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྤེལ་བའི་བྱེད་ཐབས་དང་ཉམས་མྱོང་སྔོག་འདོན་བྱས་ནས། ཀོང་ཤིས་ཀྱི་མི་རིགས་མཐུན་སྒྲིལ་གྱི་མཛེས་པ་དང་སྤྱི་ཚོགས་ཞི་མཐུན་གྱི་མཛེས་པར་དམིགས་པ་དང་དུས་མཚུངས། ད་དུང་དུས་རབས་གསར་པའི་ཀོང་ཤིས་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་། ཁྱད་ལྡན་ཐོན་ལས། གྲོང་གསེབ་དར་རྒྱས། རིག་གནས་ཡུལ་སྐོར་དང་དཔལ་འབྱོར་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཟུགས་བརྙན་གསར་པ་མངོན་པར་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།