《སྐལ་བཟང་མེ་ཏོག་བཞད། བོད་སྐྱོར་ལས་བྱེད་པས་གཏམ་རྒྱུད་ཤོད》ཅེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་རྩོམ་སྒྲིག་བྱས་པ་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《སྐལ་བཟང་མེ་ཏོག་བཞད། བོད་སྐྱོར་ལས་བྱེད་པས་གཏམ་རྒྱུད་ཤོད》ཅེས་པའི་དཔེ་དེབ་ཡོངས་བསྒྲགས་ངང་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དེབ་དེའི་ནང་རྩོམ་ཡིག་100ལྷག་ཙམ་བསྡུས་ཡོད་པ་དང་མང་ཆེ་བ་བརྩེ་དུང་དངོས་དང་། བྱ་བ་དངོས། མི་སྣ་དངོས་ཡིན་པའི་ལྷུག་རྩོམ་ཟིན་བྲིས་དང་སྤྲོ་སེམས་འཁོལ་བའི་སྙན་ཚིག་ཡིན་ཞིང་། དེའི་ནང་དོན་ཕལ་ཆེ་བ་བོད་སྐྱོར་གྱི་སེམས་ཁམས་འགྱུར་ལྡོག་དང་། བོད་སྐྱོར་ལས་བྱེད་པ་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དབར་གྱི་ལྷག་བསམ་ཟོལ་མེད་ཀྱི་མཛའ་གཅུགས། བོད་སྐྱོར་ལས་བྱེད་པའི་མིག་ལམ་གྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་རིགས་གསུམ་ལ་ཕྱེ་ཡོད།
《སྐལ་བཟང་མེ་ཏོག་བཞད། བོད་སྐྱོར་ལས་བྱེད་པས་གཏམ་རྒྱུད་ཤོད》ཅེས་པའི་དཔེ་དེབ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། རྒྱལ་ཡོངས་ཀྱི་བོད་སྐྱོར་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་རེད།