དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་སུ་ལྗོངས་རིམ་པའི་ཀུན་གཏོད་བྱ་ཡུལ་34ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-26

    ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་ལྗོངས་ཡོངས་སུ་ཁྱོན་ལྗོངས་རིམ་པའི་ཀུན་གཏོད་བྱ་ཡུལ་34ཡོད་པའི་ནང་རྒྱལ་ཁབ་རིམ་པའི་ཀུན་གཏོད་བྱ་ཡུལ་8ཡོད་པ་རེད། ཀུན་གཏོད་བྱ་ཡུལ་34ཡི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་138194.47ཟིན་པའི་ནང་རྒྱུན་སྡོད་ཚོགས་པ་དང་ཁེ་ལས་ཀྱི་བེད་སྤྱོད་རྒྱ་ཁྱོན་སྨི་ངོས་གྲུ་91661.34ཟིན་ཡོད། ཀུན་གཏོད་བྱ་ཡུལ་གྱིས་བཙུགས་མ་ཐག་པའི་གསར་གཏོད་ཚོགས་པ་དང་ཁེ་ལས་ལ་ཕུགས་འདུན་གཏོད་པའི་ལས་སྟེགས་བརྟན་པོ་བསྐྲུན་ནས་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པར་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཀྱི་ཀུན་གཏོད་བྱ་ཡུལ་གྱིས་གསོ་སྐྱོང་བྱས་པའི་ཁེ་ལས(ཚོགས་པ)ཀྱི་གྲངས་འབོར་1448བར་ཤུགས་ཆེན་འཕར་བ་དེའི་ནང་སློབ་ཆེན་སློབ་མའི་ལས་གཏོད་ཁེ་ལས(ཚོགས་པ)ཀྱིས་བསྡུར་ཚད་31%ཟིན་པ་དང་ཁེ་ལས་448ཡོད་པ་དེ་ཐོག་ནས་ལྗོངས་ཡོངས་གསར་གཏོད་ཁོར་ཡུག་ཉིན་བཞིན་འཐུས་སྒོ་ཚང་དུ་དང་འཁྲུག་ཆ་དོད་དུ་འགྲོ་བ་མཚོན་གྱི་ཡོད། ཁེ་ལས་གསར་པ་ཆར་རྗེས་ཀྱི་མྱུ་གུ་འབུས་པ་བཞིན་རྒྱུན་ཆད་མེད་པར་ཐོན་པ་དེས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་དང་སྒུལ་ཤུགས་གསར་པ་བསྣན་ཡོད།

    ལས་གཏོད་པའི་འཇོན་ཐང་འཕེལ་ནས་ལས་དོན་ལེགས་གྲུབ་ཡོང་ཚད་སྔར་བས་ཆེ་རུ་གཏོང་ཆེད། ཀུན་གཏོད་བྱ་ཡུལ་གྱིས་གསར་གཏོད་ལས་གཏོད་ཀྱི་བྱེད་སྒོ་དང་ལས་གཏོད་ཀྱི་སློབ་གསོ་གསོ་སྦྱོང་ཐེངས་428ཇུས་འགོད་ཞིབ་ཚགས་བྱས་པས་མི་4000ལྷག་ཙམ་ལ་ཕན་པ་ཐོབ་ཡོད། བྱེད་སྒོ་དེ་དག་གིས་ལས་གཏོད་པའི་དབར་སྤེལ་རེས་དང་འབྲེལ་མཐུད་ལ་སྐུལ་འདེད་ཐུབ་པ་མ་ཟད། དེ་བས་ཁོང་ཚོར་ལག་རྩལ་དང་མ་རྩའི་འབྲེལ་ཟམ་བསྐྲུན་ཞིང་། རིམ་རྩིས་བརྒྱབ་ན། དགེ་རྒན་དང་འབྲེལ་བ་བྱེད་པ་དང་ལག་རྩལ་གྱི་འདེགས་སྐྱོར་བྱེད་པའི་ཞབས་ཞུ་ཐེངས་558བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།