དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་གནང་བ།

    ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཕེབས་ནས་ཞལ་གྱེས་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-25

    ཟླ་8ཚེས་23ཉིན་བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་པེ་ཅིང་པ་པའོ་ཧྲན་རི་བོའི་གསར་བརྗེའི་བང་སོ་ཁང་དུ་ཞུགས་འབུལ་གནང་བ་དང་། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་པ་པོའི་ཧྲན་རི་བོར་ཕེབས་ནས་ཞལ་གྱེས་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཀྲོའུ་ཀོང་ཀྲའོ་ཡི་གཉེན་ཉེར་ཕྱག་བཏང་ནས་སེམས་གསོའི་འཚམས་འདྲི་གནང་བཞིན་པ།

    བློ་མཐུན་ཀྲོའུ་ཀོང་ཀྲའོ་ལ་སྙུང་གཞི་ལྕི་པོ་ཕོག་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིཌ་པར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་ཐོག་ནས་བློ་མཐུན་ ཀྲོའུ་ཀོང་ཀྲའོ་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་དང་ཁོང་གི་ནང་མིར་སེམས་གསོའི་འཚམས་འདྲི་གནང་བ་རེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཕུལ་དུ་བྱུང་བའི་ཚན་རིག་མཁས་ཅན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་བསླབ་པ་རྒན་གྲས། ཀྲུང་གོ་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་དང་དེ་སྔའི་ཀྲུའུ་ཞི། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བཅས་ཡིན་པའི་བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་ཚེས་23ཉིན་པེ་ཅིང་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞུགས་འབུལ་གནང་བ་རེད།

    བློ་མཐུན་ཀྲོའུ་ཀོང་ཀྲའོ་སྙུང་གཞིས་རྐྱེན་པས་2024ལོའི་ཟླ་8ཚེས་17ཉིན་གྱི་ཆུ་ཚོད་22དང་སྐར་མ་55ཡི་ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་95རེད།

    བློ་མཐུན་ཀྲོའུ་ཀོང་ཀྲའོ་ལ་སྙུང་གཞི་ལྕི་པོ་ཕོག་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་ཐོག་ནས་བློ་མཐུན་ཀྲོའུ་ཀོང་ཀྲའོ་སྐུ་གཤེགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུས་པ་མ་ཟད། ཁོང་གི་ནང་མིར་སེམས་གསོའི་འཚམས་འདྲི་གནང་བ་རེད།

    ཚེས་23ཉིན་གྱི་སྔ་དྲོར། པ་པོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ཁང་གི་ཚོམས་ཆེན་དུ་སྒམ་བརླིང་གི་རྣམ་པས་ཁེངས་ཤིང་། སྐྱོ་ལྷང་ལྷང་གི་མྱ་ངན་གྱི་རོལ་མོ་གྲགས། ཚོམས་ཆེན་དབུས་ཀྱི་གྱང་སྟེང་དུ་གཞི་རས་ནག་པོའི་སྟེང“བློ་མཐུན་ཀྲོའུ་ཀོང་ཀྲའོ་ལ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ”ཞེས་ཡི་གེ་དཀར་པོ་བྲིས་པའི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་དང་། དེའི་གཤམ་དུ་བློ་མཐུན་ཀྲོའུ་ཀོང་ཀྲའོ་འདས་པོའི་སྐུ་པར་བཀལ་ཡོད་པ་རེད། བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་མེ་ཏོག་སོས་པ་དང་ཐང་ཤིང་ཤུག་པའི་ཁྲོད་ན་དབེན་པར་གཟིམས་ཤིང་། སྐུ་ཕུང་ལ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བསྒྲོན་ཡོད་པ་རེད།

    སྔ་དྲོའི་ཆུ་ཚོད་9དང་ཕྱེད་ཀ་ཙམ་ལ། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་མྱ་ངན་གྱི་རོལ་མོའི་ཁྲོད་བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་མདུན་དུ་དལ་བུར་ཕེབས་ཏེ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། དེ་རྗེས་བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་པ་མ་ཟད། བློ་མཐུན་ཀྲོའུ་ཀོང་ཀྲའོ་ཡི་གཉེན་ཉེ་རེ་རེ་བཞིན་ལ་ཕྱག་བཏང་ནས་སེམས་གསོའི་འཚམས་འདྲི་གནང་བ་རེད།

    ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཞལ་གྱེས་ཞུ་བར་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་ཐོག་ནས་མྱ་ངན་ཞུས་པ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། བློ་མཐུན་ཀྲོའུ་ཀོང་ཀྲའོ་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་ཡང་ཞལ་གྱེས་ཞུ་བར་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།