དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་ལོ་ལོན་པའི་བྱིས་པར་རིམས་འགོག་སྨན་ཁབ་རྒྱག་ཚད་90%ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-25

    ཟླ་8ཚེས་21ཉིན། ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ཟླ་8ཚེས་25ཉིན་གྱི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་སྔོན་འགོག་ཉིན་མོ་ཐེངས་བརྒྱད་པའི་བརྗོད་དོན་གཙོ་བོ་ནི“ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་འགྱུར་རྒྱུ་སྔོན་འགོག་དང་བདེ་ཐང་གི་འཚོ་བར་མཉམ་སྤྱོད་བྱེད”ཅེས་པ་དེ་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།

    ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བདེ་ཐང་དྲག་སྐྱེད་པུའི་ཀྲུའུ་རེན་གཞོན་པ་ཧྥུང་ལིས་ངོ་སྤྲོད་བྱས་པར། མིག་སྔར་ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་འགྱུར་རྒྱུ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུ་སོགས་གཅོང་ནད་གཙོ་བོ་ཕོག་པའི་ནད་པར་གཞི་རིམ་གྱི་ཚད་ལྡན་དོ་དམ་ཞབས་ཞུ་སྒྲུབ་ཚད་60%ཡན་ཟིན་ནས། གཅོང་ནད་ཀྱིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་འགྱུར་བའི་གནས་ཚུལ་ཉུང་དུ་ཕྱིན་པ་དང་། སྨྲ་ནུས་དང་རྣ་ཤེད་བདེ་ཐང་གི་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱས་ཏེ། ལོང་འགོག་ལོང་བཅོས་དང་འོན་འགོག་འོན་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ། རྒྱལ་ཡོངས་ཀྱི་ལས་རིགས་ཀྱི་གཅོང་ནད་ཀྱི་གནོད་འཚེའི་རྒྱུ་རྐྱེན་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་རིམས་འགོག་འཆར་འགོད་ལ་སྐུལ་འདེད་བརྟན་པོ་བཏང་ནས། སློབ་ལོ་ལོན་པའི་བྱིས་པར་རིམས་འགོག་སྨན་ཁབ་རྒྱག་ཚད་90%ཡན་རྒྱུན་འཁྱོངས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།