དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཡིས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-25

    ཉིན་ཤས་གོང་། གསར་འགོད་པར་ཀན་སུའུ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཀན་སུའུ་ཞིང་ཆེན་གྱིས་དབུལ་ལོག་སྔོན་འགོག་གི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཟླ་6པའི་ཟླ་མཇུག་བར། ཞིང་ཆེན་དེ་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་ཁྲི་2.2དང་མི་གྲངས་ཁྲི་10.3གསར་དུ་དབྱེ་འབྱེད་ཐུབ་པ་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་རིམ་རྩིས་བྱས་ན་དུད་ཚང་ཁྲི་14.3དང་མི་གྲངས་ཁྲི་60.1ཟིན་ཡོད་པ་རེད།

    གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2024ལོར་ཀྲུང་དབྱང་དང་ཞིང་ཆེན་རིམ་པས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་116.55སྤྲད་དེ། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་མི་སྣ་ཁྲི་159.96དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཁྲི་9.77གྱི་འཚོ་བར་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།