དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བརྒྱད་ཀྱིས་ཡིག་ཆ་བཀྲམ་ནས།

    གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དང་སྒུལ་ཤུགས་གློག་རྫས་བརྗེ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-25

    ཉེ་ཆར། བཟོ་འཕྲིན་པུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། སྤྱི་བདེ་པུའུ། ཚོང་དོན་པུའུ་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་དུ་སྤྱི་བསྒྲགས་སྤེལ་ནས། རླངས་འཁོར་ཧྲིལ་པོའི་བདེ་འཇགས་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དང་སྒུལ་ཤུགས་གློག་རྫས་བརྗེ་བའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

    སྤྱི་བསྒྲགས་ནང་། གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱི་གཉེར་སྐྱོང་ཁེ་ལས་དང་། སྒུལ་ཤུགས་གློག་རྫས་བརྗེ་མཁན་གྱི་ཞབས་ཞུ་མཁོ་སྤྲོད་ཚོང་པར་ཁྲིམས་མིའི་ཐོབ་ཐང་ལྡན་དགོས་པ་མ་ཟད། “སུས་འདོད་ཚུལ་འཛིན་ན་དེས་འགན་འཁུར་རྒྱུ་དང་། སུས་བརྗེས་ན་དེས་འགན་འཁུར་བའི”རྩ་དོན་གཞིར་བཟུང་། བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

    དེ་གོང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ནོར་སྲིད་པུའུ་ཡིས་མཉམ་དུ《གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དང་སྒུལ་ཤུགས་གློག་རྫས་གསར་པ་བརྗེ་བར་ཁ་གསབ་སྤྲོད་པའི་ལག་བསྟར་ཞིབ་སྲོལ》བཀྲམ་ནས། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཁེ་ལས་ཀྱིས་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དང་སྒུལ་ཤུགས་གློག་རྫས་གསར་པ་བརྗེ་བར་བཅད་གྲངས་ཁ་གསབ་སྤྲོད་རྒྱུ་ཁ་གསལ་བཟོས་ཤིང་། རླངས་འཁོར་རེར་ཆ་སྙོམས་ཁ་གསབ་སྒོར་ཁྲི་6སྤྲོད་པའི་ཁྲོད་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གསར་པ་བརྗེས་པར་རླངས་འཁོར་རེར་ཆ་སྙོམས་ཁ་གསབ་སྒོར་ཁྲི་8སྤྲོད་རྒྱུ་དང་། སྒུལ་ཤུགས་གློག་རྫས་བརྗེས་པར་རླངས་འཁོར་རེར་ཁ་གསབ་སྒོར་ཁྲི་4.2སྤྲོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།