སྡེ་ཚན་གཉིས་ཀྱིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1.15སྔ་རྟིང་བཏང་བ།
ཉེ་དུས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཟླ་8པ་ཚུན་དུ་ནང་སོག་གི་དབུས་ཤར་རྒྱུད་དང་། བྱང་ཤར་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་ཕྱོགས་བཅས་སུ་དྲག་ཆར་དང་ཆུ་ལོག་དང་ཞོད་སྐྱོན་ཐོན་པས། ནོར་སྲིད་པུའུ་དང་། འཕྲལ་སྡོམ་དོ་དམ་པུའུ་ཡིས་ཉེ་ཆར་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1.15སྔ་རྟིང་བཏང་སྟེ་ནང་སོག་དང་། ཧེ་ལུང་ཅང་། ཧྲའན་ཤིས། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན(རང་སྐྱོང་ལྗོངས)5རུ་འཕྲལ་སྡོམ་གྱི་ཉེན་སེལ་གུད་སྐྱོབ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་པ་དང་། མ་དངུལ་དེ་དག་གཙོ་བོ་གནོད་འཚེ་ཕོག་པའི་མི་སྣ་འཚོལ་སྐྱོབ་གནས་སྤོ་དང་། ཉེན་ཁ་གྲལ་བཤེར་དང་སེལ་བ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད། ཞོར་ཐོན་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་སོགས་ལ་སྤྱད་དེ་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱ་རྒྱུ་ཡིན་པ་རེད།