དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གོ་མིང་དཔྱད་ཞིབ་ཀྱི་ལྟ་འདོམས་བྱ་ཐབས་ཐོག་མ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། གོ་མིང་དཔྱད་ཞིབ་ཀྱི་བརྒྱུད་རིམ་སྔར་བས་ཚད་ལྡན་བཟོ་བ་དང་སྒྲིག་འགལ་གྱི་བྱེད་སྤྱོད་ལ་སྔར་བས་རྡུང་རྡེག་གཏོང་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཉེ་ཆར《གོ་མིང་དཔྱད་ཞིབ་ལྟ་འདོམས་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས》ཁྱབ་བསྒྲགས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་རྒྱལ་ཁབ་ཀྱི་ངོས་ནས་བཏོན་པའི་གོ་མིང་དཔྱད་ཞིབ་ལྟ་འདོམས་ཀྱི་ཡིག་ཆ་དང་པོ་དེ་ཡིན་པས། གོ་མིང་དཔྱད་ཞིབ་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པ་རེད།

    མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཆེད་ལས་ལག་རྩལ་མི་སྣ་དོ་དམ་སིའི་འབྲེལ་ཡོད་འགན་འཁུར་བས། ཡིག་ཆ་བཏོན་པ་ནི་གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས“གཙིགས་ཆེར་འཛིན་པ་བཞིའི་ཚད་གཞི་མེད་པར་བཟོ་བ”དང“ཚད་གཞི་གསར་པ་བཟོ་བ”དབང་ཆ་གཤམ་སྤྲོད་དང་ལྷུག་གཏོང་སོགས་ལ་ཕན་འབྲས་ཡག་པོ་ཐོན་རྒྱུ་དང་ཆབས་ཅིག་གོ་མིང་དཔྱད་ཞིབ་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་རང་དགར་གློད་ཞོག་པ་དང་གློད་ཕྱིན་ཟང་ཟིང་ཆགས་པའི་གནད་དོན་མ་ཐོན་པ་བྱ་རྒྱུ་རེད།

    གོ་མིང་དཔྱད་ཞིབ་བྱེད་རིང་གི་བསམ་འཆར་ཆེ་བ་དང་ཐོན་སླ་ལ་ཡང་སེ་ཐོན་པའི་སྒྲིག་འགལ་གྱི་གནད་དོན་ལ་དམིགས་ནས་བྱ་ཐབས་ནང་། རེ་འདུན་ཞུ་མི་དང་། དཔྱད་ཞིབ་རིགས་གཅིག་མཁས་ཅན། གོ་མིང་དཔྱད་ཞིབ་ཀྱི་འབྲེལ་ཡོད་ལས་དོན་མི་སྣ་སོགས་གཙོ་གནད་མི་ཚོགས་རིགས་3དང་དེ་བཞིན་དཔྱད་ཞིབ་ཚན་པ་དང་། རེ་འདུན་ཞུ་མི་གནས་སའི་ཚན་པ་སོགས་གཙོ་གནད་ཚན་པ་རིགས་2ལ་དམིགས་ཏེ། སྐབས་བསྟུན་འཐེན་བཤེར་དང་། དུས་བཀག་སྐོར་ཞིབ། གཙོ་གནད་ལྟ་བཤེར། སྤུས་ཚད་དཔྱད་དཔོག ཆེད་དོན་བཅོས་སྒྲིག་སོགས་བྱ་ཐབས་སྣ་མང་ལ་བརྟེན་ནས་ལྟ་འདོམས་བྱས་ཏེ་སྲིད་གཞུང་གིས་ལྟ་འདོམས་དང་། ཚན་པའི(ལས་རིགས)རང་གཅུན། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་ཀྱི་གོ་མིང་དཔྱད་ཞིབ་ལྟ་འདོམས་མ་ལག་འཛུགས་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད།

    བྱ་ཐབས་ནང་། མི་སྒེར་གྱི་སྒྲིག་འགལ་བྱེད་སྤྱོད་ལ་ཡིད་རྟོན་དོ་དམ་བྱས་ནས། གོ་མིང་དཔྱད་ཞིབ་བྱེད་རིང་ཡིད་རྟོན་ཤོར་བའི་བྱེད་སྤྱོད་དག་གོ་མིང་དཔྱད་ཞིབ་ཀྱི་འདུན་ཞུ་བྱེད་པའམ་ཡང་ན་གོ་མིང་དཔྱད་ཞིབ་ལས་དོན་ལ་ཞུགས་པའི་དཔྱད་གཞི་གལ་ཆེན་ལ་བརྩིས་ཏེ། ཡིད་རྟོན་ཤོར་བའི་བྱེད་སྤྱོད་ཚབས་ཆེན་རྣམས་གོ་མིང་འདུན་ཞུ་དང་དཔྱད་ཞིབ་ཀྱི་ཡིད་རྟོན་ཤོར་བའི་མིང་ཐོ་ནག་པོའི་ནང་འཇུག་རྒྱུ་མ་ཟད། ཁྲིམས་ལྟར་ཡིད་རྟོན་མེད་རིགས་ལ་བསླབ་སྡོམ་བྱ་རྒྱུ་ཡིན། ཚན་པའི་སྒྲིག་འགལ་གྱི་བྱེད་སྤྱོད་ལ་གཙོ་བོ་དྲན་སྐུལ་དང་། སྐོང་འདྲི། གནས་སྐབས་དཔྱད་ཞིབ་མཚམས་འཇོག དག་ཐེར་གྱི་བཀའ་རྒྱ་གཏོང་བ། བརྡ་ཁྱབ་སྐྱོན་བརྗོད། གོ་མིང་དཔྱད་ཞིབ་ཀྱི་དབང་ཆ་ཕྱིར་བསྡུ་སོགས་ཀྱི་ཐག་གཅོད་བྱ་ཐབས་སྤྱད་ནས་དཔྱད་ཞིབ་ཚན་པས་སྒྲིག་འགལ་བྱས་པར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་བཏོན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།