དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོ་5ཡི་རིང་ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ཏེ་རིམ་རྩིས་བརྒྱབ་ན་ཡུལ་དེ་གའི་མི་ཐེངས་ཁྲི་30ལྷག་ཙམ་ལ་ཕན་པ་ཐོབ་པ།

    ཨེ་ཙེ་ཨོ་ཕི་ཡའི་དམངས་འཚོ་ལེགས་སུ་གཏོང་བར་གཞོགས་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-24

    འདི་ནི་ཨེ་ཙེ་ཨོ་ཕི་ཡའི་ཨ་མུའུ་ཧ་ལ་ཀྲོའུ་བྱང་རྒྱུད་ཀྱི་ཧྲའོ་ཨ་ས་ཁུལ་དུ“གླིང་ཆེན་ཨ་ཧྥེ་རི་ཁའི་ཟུར་གྱི་ཐན་སྐྱོན་ཕོག་པའི་ས་ཁོངས་ཀྱི་ཆུ་དོང་རྣམ་གྲངས”ལས་ཕན་པ་ཐོབ་པའི་ཞིང་པ་ཞིག་གིས་ཆུ་དོང་ནས་ཆུ་ལེན་རྩིས་བྱེད་བཞིན་པ།

    ད་ལོ་ནི་ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ཨེ་ཙེ་ཨོ་ཕི་ཡ་གཞུང་ལས་ཁང་བཙུགས་ནས་ལོ་5འཁོར་བའི་ལོ་ཞིག་ཡིན། ལོ་5ཡི་རིང་། ཐེབས་རྩ་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ཁྲོད་ཀྱི་དབུལ་ཕོངས་སེལ་བ་དང་། བཀྲེས་ལྟོགས་སེལ་བ། སྤུས་ལེགས་སློབ་གསོ། འཐུང་ཆུ་གཙང་མ་སོགས་ཀྱི་དམིགས་ཚད་ལ་གཞིགས་ཏེ། སྔ་རྗེས་སུ་ཨེ་ཙེ་ཨོ་ཕི་ཡར་གཅེས་སེམས་ཐུམ་སྒྲིལ་དང་། ཆུ་དང་སྐྱོན་བྲལ་འཕེལ་རྒྱས། ཉི་ནུས་གློག་སྒྲོན་སློབ་རོགས་དང་དེ་བཞིན་བུད་མེད་ཀྱི་ལས་ཞུགས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་རྣམ་གྲངས་སྤེལ་ཞིང་། 2023ལོའི་ཟླ་12པའི་བར་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་32ཙམ་ལ་ཕན་པ་ཐོབ་ཡོད། ཨེ་ཙེ་ཨོ་ཕི་ཡའི་བུད་མེད་དང་སྤྱི་ཚོགས་ལས་དོན་པུའི་པུའུ་ཀྲང་ཨེར་ཀོ་ཅི·ཐེ་སི་ཧྥ་གཡོད་ཀྱིས། ཀྲུང་གོའི་སྲིད་གཞུང་དང་། ཁེ་ལས། དེ་བཞིན་སྒྲིག་གཞི་ཁག་བཅས་ཀྱིས་དུས་ཡུན་རིང་པོར་ཨེ་ཙེ་ཨོ་ཕི་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་ཧུར་ཐག་བྱས་ནས་ཡུལ་འདི་གའི་དམངས་འཚོ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་ཡོད།

    “ཆུ་དོང་དྲུས་ཚར་རྗེས་ང་ཚོ་གཙང་འགྲམ་དུ་ཆུ་ལེན་པར་འགྲོ་དགོས་མེད་པ”

    ཟླ་8པ་ནི་ཨེ་ཙེ་ཨོ་ཕི་ཡའི་ཆར་དུས་ཡིན་ལ་ཨའོ་ལུའོ་སྨི་ཡ་ཀྲོའུ་ཏུའུ་ཁའེ་མུའུ་གྲོང་ཁྱེར་ཉེ་འགྲམ་གྱི་ཨོའུ་པེ་དབྱི་གྲོང་ཚོར་སྡོད་མཁན་ཏེ་པེ་ལེ་ཡིས་ཁྱིམ་མི་བདུན་པོའི་འཐུང་ཆུར་སེམས་ཁྲལ་བྱེད་ཀྱི་ཡོད། སྤྱིར་ན་ལོ་གཅིག་གི་གོང་ཁྱིམ་དུ་རང་འབབ་ཆུ་ཀ་ལ་འཁྲིད་ཡོད་ཀྱང་ཆུ་ལས་བརྟན་པོ་མེད་པ་དང་ཉིན་20ཙམ་གྱི་ནང་ཆུ་ཐེངས་རེ་ལས་ཡོང་གི་མེད། “ཁྱིམ་གྱི་ཆུ་ཟངས་སྐམ་ལ་ཉེ་བས། ང་ཚོ་ཐག་རིང་གི་གཙང་འགྲམ་དུ་ཆུ་ལེན་པར་འགྲོ་དགོས་པ་དང་ཆུ་ལེན་ཐེངས་རེར་ཆུ་ཚོད་གཉིས་འགོར་གྱི་ཡོད”ཏེ་པེ་ལེ་དང་ཕྲུ་གུ་ཁ་ཤས་ཀྱིས་མགོ་ལ་ཆུ་ཟོམ་སེར་པོ་རེ་བཞག་ནས་འདམ་རྫབ་ཀྱིས་ཁེངས་པའི་ལམ་བུ་བརྒྱུད་དེ་གཙང་པོའི་ཕྱོགས་སུ་སྐྱོད་ཀྱི་འདུག

    ཏེ་པེ་ལེའི་ནང་མི་ཡོངས་འདི་ལྟར་ཆུ་ལེན་དུ་འགྲོ་བའི་འཚོ་བར་མྱུར་དུ་འགྱུར་ལྡོག་ཡོང་སྲིད། ཁོང་ཁྱིམ་གྱི་སྒོ་རའི་ནང་ཆུ་དོང་ཞིག་རགས་ཙམ་དྲུས་ཟིན་ཡོད། “ཆུ་དོང་དྲུས་ཟིན་རྗེས་ང་ཚོ་གཙང་པོའི་ཁར་ཆུ་ལེན་དུ་འགྲོ་དགོས་མེད་པ་དང་། སྒོ་རའི་ནང་སྔོ་ཚལ་ཡང་འདེབས་ཆོག་གི་ཡོད”ཅེས་ཏེ་པེ་ལེས་རེ་སྒུག་ཆེན་པོས་བཤད།

    ཡུལ་དེ་གའི་འཐུང་ཆུའི་དཀའ་ངལ་སེལ་རོགས་བྱ་ཆེད། ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཞུས་ཀུང་ཚོགས་པ་དང་མཉམ་འབྲེལ་ཐོག་2015ལོར“གླིང་ཆེན་ཨ་ཧྥེ་རི་ཁའི་ཟུར་གྱི་ཐན་སྐྱོན་ཕོག་པའི་ས་ཁོངས་ཀྱི་ཆུ་དོང་རྣམ་གྲངས”སྤེལ་ནས་ཀྲུང་གོའི་ཆུ་དོང་ལག་རྩལ་ནང་འདྲེན་བྱས་པ་རེད། མིག་སྔར་རྣམ་གྲངས་དུས་ཐེངས་བཞི་ལག་བསྟར་བྱས་ནས་ཨའོ་ལུའོ་སྨི་ཡ་ཀྲོའུ་དང་། ཨ་མུའུ་ཧ་ལ་ཀྲོའུ། ལྷོ་ཕྱོགས་ཀྲོའུ་སོགས་སུ་ཁྱིམ་ཚང་གི་ཆུ་དོང་161བསྐྲུན་ནས་མི་ཁྲི་1.2ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    “ཀྲུང་གོའི་གྲོགས་པོ་ཚོའི་སྐུལ་ལྕག་འོག་ངའི་སློབ་སྦྱོང་གི་བརྩོན་སེམས་ཆེ་རུ་ཕྱིན་སོང”

    “དཔེ་ཁུག་འདི་ནི་ངའི་ལག་རྟགས་རྩ་ཆེ་ཤོས་ཡིན”ཞེས་ཏ་ལེ་ལུའོ་ཡིས་དཔེ་ཁུག་ཟིང་སྐྱ་པང་དུ་བཟུང་ནས་གསར་འགོད་པར་བཤད་ཅིང་། ཁོང་ནི་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་གྲོང་ཁྱེར་གྱི་ཏུའུ་ཏུའུ་པི་ས་སློབ་ཆུང་གི་ལོ་རིམ་དྲུག་པའི་སློབ་མ་ཞིག་ཡིན། བུ་མོ་དེས་རང་གི་དཔེ་ཁུག་ལ་ཧ་ཅང་གཅེས་སྤྲས་བྱེད། མ་གཞི་བེད་སྤྱོད་བྱས་ནས་ལོ་གཉིས་ཙམ་སོང་ཡང་བལྟས་ན་ད་དུང་གསར་པ་ཞིག་དང་འདྲ། དཔེ་ཁུག་ཐོག་ཨ་མུའུ་ཧ་ལའི་སྐད་ཀྱིས“གཅེས་སེམས་ཐུམ་སྒྲིལ”ཞེས་པའི་ཡི་གེ་དཔར་འདུག

    ལོ་གཉིས་ཀྱི་གོང་ཏ་ལེ་ལུའོ་ལ་དཔེ་ཁུག་མེད་པས་ཉིན་ལྟར་སློབ་དེབ་པང་དུ་བཏབ་ནས་སློབ་གྲྭར་འགྲོ་དགོས་ཀྱི་ཡོད། ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཞལ་འདེབས་བརྒྱབ་པའི་གཅེས་སེམས་ཐུམ་སྒྲིལ་འབྱོར་སྐབས་ཏ་ལེ་ལུའོ་དགའ་སྤྲོ་ཆེན་པོ་སྐྱེས། ཏ་ལེ་ལུའོ་ཡིས་གསར་འགོད་པར“ཀྲུང་གོའི་གྲོགས་པོའི་སྐུལ་ལྕག་འོག ངའི་སློབ་སྦྱོང་བརྩོན་སེམས་ཆེ་རུ་ཕྱིན་སོང་། ངས་མུ་མཐུད་སློབ་སྦྱོང་ལ་སྦྱངས་བརྩོན་བྱས་ནས་ཆེན་པོ་ཆགས་རྗེས་སྨན་པ་ཞིག་བྱས་ཏེ་མི་དེ་བས་མང་བར་རོགས་རམ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཨེ་ཙེ་ཨོ་ཕི་ཡ་གཞུང་ལས་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྤྱིའི་གཅེས་སེམས་ཐུམ་སྒྲིལ་རྣམ་གྲངས་2019ལོར་སྤེལ་འགོ་ཚུགས་པ་དང་2023ལོའི་ལོ་མཇུག་བར་ཨེ་ཙེ་ཨོ་ཕི་ཡ་དང་། ན་སྨི་པི་ཡ། ཝུ་ཀན་ཏ། ཙམ་པབ་ཝེ་སོགས་རྒྱལ་ཁབ་15ཡི་སློབ་ཆུང་སློབ་མ་ཁྲི་135ལྷག་ཙམ་ལ་ལག་རྟགས་སྤྲད་ཡོད། ཨེ་ཙེ་ཨོ་ཕི་ཡའི་ཨེ་ཏི་སི་ཨ་པ་པ་དང་། ཨའོ་ལུའོ་སྨི་ཡ། ཨ་མུའུ་ཧ་ལ། ཨ་ཧྥར་སོགས་ས་ཁུལ་དུ་གཅེས་སེམས་ཐུམ་སྒྲིལ་ཁྲི་18.3སྤྲད་ཡོད་པ་རེད།

    “དབུལ་ཕོངས་ས་ཁུལ་གྱི་ཕྲུ་གུར་འོད་སྣང་སྦྱིན་ནས་ཁོང་ཚོའི་འབྱུང་འགྱུར་ལ་བཀྲག་མདངས་འཚེར་བར་བྱས་པ”

    ལོ་11ལ་སླེབས་པའི་ཅི་ནུའུ་སི་ནི་ཨའོ་ལུའོ་སྨི་ཡ་ཀྲོའུ་ཅ་ལན་གྲོང་ཁྱེར་ཝུའེ་ལ་ཅར་ས་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་མ་ཞིག་རེད། ཁྱིམ་དུ་གློག་ཁྲིད་མེད་པས་སྔོན་ཆད་སློབ་གྲྭ་གྲོལ་རྗེས་ཁོ་མོས་སློབ་ཁང་དུ་བསྡད་ནས་སྦྱོང་ཚན་བྲིས་ཚར་རྗེས་གཞི་ནས་ཁྱིམ་དུ་ལོག་གི་ཡོད། ཅི་ནུའུ་སིས“ཁྱིམ་དུ་སློབ་སྦྱོང་བྱས་ཚེ་སྣུམ་སྒྲོན་སྤོར་དགོས་པ་དང་འོད་གསལ་པོ་མེད་པའི་ཐོག་སྣུམ་མང་པོ་བེད་སྤྱོད་བྱེད་དགོས་ཀྱི་ཡོད”ཅེས་བཤད།

    ཡུལ་དེ་གའི་སློབ་མས་སློབ་སྦྱོང་བྱེད་སྐབས་གློག་སྒྲོན་མེད་པའི་གནད་དོན་ཐག་གཅོད་བྱ་ཆེད། ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་2020ལོར་ཉི་ནུས་གློག་སྒྲོན་གྱི་སློབ་རོགས་རྣམ་གྲངས་སྤེལ་འགོ་ཚུགས་པ་རེད། ཀྲུང་གོའི་ཁེ་ལས་ཀྱི་རྒྱབ་སྐྱོར་འོག་ཐེབས་རྩ་ལྷན་ཚོགས་ཀྱིས་ཨ་ཧྥར་ཀྲོའུ་དང་། སོ་མ་ལི་ཀྲོའུ། ཨའོ་ལུའོ་སྨི་ཡ་ཀྲོའུ། པེན་ཧྲང་ཀུའུ་ལེ—ཀུའུ་མ་ཙི་ཀྲོའུ་བཅས་ཀྱི་གཞུང་བཙུགས་སློབ་ཆུང་20ལ་ཉི་ནུས་གློག་སྒྲོན་9000སྤྲད་པ་རེད། འདི་ལོའི་རེས་སྐོར་གསར་པའི་ཞལ་འདེབས་རྒྱག་པའི་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།