ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་མོ་ཙམ་པི་ཁེའི་བྱང་རྒྱུད་ཀྱི་གྲོང་ཁྱེར་དོ་དམ་ལས་དོན་གྱི་ཆུ་མཁོ་འདོན་རྣམ་གྲངས་དངོས་སུ་གཉེར་འགོ་བཙུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁམ་ཕ་ལ་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། མོ་ཕུ་ཐོ་ནས་གནས་ཚུལ་སྤེལ་གསལ། ཉིན་ཤས་གོང་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སིས་སྐྲུན་མཁན་འཁུར་བའི་མོ་ཙམ་པི་ཁེའི་བྱང་རྒྱུད་ཀྱི་ཏེར་ཅ་ཏུའུ་ཅའོ་ཞིང་ཆེན་གནས་ཡུལ་ཕེང་པ་གྲོང་ཁྱེར་གྱི་ཆུ་བགོས་ལྟེ་གནས་དང་མདོང་ལམ་དྲ་བའི་རྣམ་གྲངས་དངོས་སུ་སྤེལ་འགོ་བཙུགས་པ་དང་། མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས་མཛད་སྒོར་ཞུགས་པ་མ་ཟད། ཆུ་འཐེན་པའི་གཅུས་སྒོ་ཕྱེ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཕེང་པ་གྲོང་ཁྱེར་ཆུ་བགོས་ལྟེ་གནས་དང་མདོང་ལམ་དྲ་བའི་རྣམ་གྲངས་ཀྱི་ཨར་སྐྲུན་གཙོ་བོའི་ཁོངས་སུ་སྤྱི་ལེ་164ཡི་མདོང་ལམ་དྲ་བ་རྒྱས་སྐྲུན་ཨར་སྐྲུན་དང་། སྨི་རྒྱ་དཔངས་གྲུ་བཞི་2000ཟིན་པའི་ཨར་སྐྲུན་ཆུ་གསོག་རྫིང་བུ་3 སྨི་རྒྱ་དཔངས་གྲུ་བཞི་250ཟིན་པའི་མཐོ་གནས་ཆུ་གསོག་མཐོ་ལྕོག་1 ཆུ་འཐེན་ས་ཚིགས་གསར་པ་1 དེ་བཞིན་ད་ཡོད་ཀྱི་ཆུ་གསོག་མཐོ་ལྕོག་དང་ཆུ་རྫིང་ཉམས་གསོ་སོགས་ཚུད་ཡོད། རྣམ་གྲངས་སྤྱོད་འགོ་ཚུགས་རྗེས་ཕེང་པ་གྲོང་ཁུལ་གྱི་ཆུ་མཁོ་འདོན་གྱི་ལས་ཕྱོད་མཐོ་རུ་ཤུགས་ཆེན་ཕྱིན་ཏེ་ས་གནས་དེ་གར་འཕེལ་རྒྱས་ཀྱི་གསོན་ཤུགས་སྦྱིན་རྒྱུ་རེད།