དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཡུལ་ཤུལ་གྱི“གློག་དྲ་ཆེན་པོ་ཁྱབ་མེད་པའི་ཤང”གི་གློག་འདོན་ལས་གྲྭ་དངོས་སུ་ལས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-24

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི“གློག་དྲ་ཆེན་པོ་ཁྱབ་མེད་པའི་ཤང”མཇུག་ཤོས་དགུའི་གློག་འདོན་ལས་གྲྭ་ཉེ་ཆར་དངོས་སུ་ལས་འགོ་ཚུགས་ཤིང་། “གློག་དྲ་ཆེན་པོ+གློག་དྲ་ཆུང་གྲས”ཀྱི་ཐག་གཅོད་ཇུས་གཞིར་བརྟེན་ནས་ཡུལ་ཤུལ་གྱི་ཤང་9དང་གྲོང་ཚོ་82ཀྱི་ཞིང་འབྲོག་མང་ཚོགས་ཁྲི་4.75ཡི་གློག་བརྟན་པོ་སྤྱོད་པའི་དགོས་མཁོ་བསྐངས་ཏེ། གློག་འདོན་གྱི་བློས་འཁེལ་རང་བཞིན་དང་གློག་འདོན་ནུས་པ་རྩ་བའི་ཆ་ནས་ཆེ་རུ་འགྲོ་རྒྱུ་རེད།

    དེ་ནི་གསར་འགོད་པས་ཉེ་ཆར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པའི་ཡུལ་ཤུལ་ཀྲོའུ་ཡི“གློག་དྲ་ཆེན་པོ་ཁྱབ་མེད་པའི་ཤང”གི་གློག་འདོན་ལས་གྲྭ་འགོ་ཚུགས་པ་དང་མ་དངུལ་ཞལ་འདེབས་རྒྱག་པའི་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་གློག་དྲའི་གློག་འདོན་ས་ཁོངས་95%ལྷག་ཙམ་ནི་བོད་འབྲེལ་ས་ཁུལ་ཡིན་པ་དང་གློག་འདོན་དྲ་རྒྱའི་ས་ཚིགས་མང་བ་དང་། གློག་སྐུད་རིང་བ། བཀོལ་སྤྱོད་བདག་སྐྱོང་ཁ་ཐོར་ཡིན་པ། ཐེག་ཚད་ཆུང་བ་བཅས་ཀྱི་ཁྱད་ཆོས་ཡོད། ད་དུང་ཤང་10རང་བྱུང་ཆ་རྐྱེན་དབང་གིས་མིག་སྔར་མཚོ་སྔོན་གློག་དྲའི་གློག་དྲ་ཆེན་པོ་དང་སྦྲེལ་ཐུབ་མེད་པ་དེ་དག་ཡུལ་ཤུལ་ཀྲོའུ་ཡི་ཤང་9དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཤང་1ཡིན་ཞིང་། དེའི་ནང་མཚོ་ནུབ་ཀྲོའུ་སུའུ་ལི་ཤང་གི་གློག་དྲ་ཆེན་པོའི་སྣུར་སྲིང་གློག་འཁྲིད་ལས་གྲྭ་2023ལོའི་ལོ་མཇུག་ཏུ་ལས་འགོ་ཚུགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ལས་འགོ་ཚུགས་པའི་ཡུལ་ཤུལ་གྱི་ཤང་9ཡི་གློག་འདོན་ལས་གྲྭའི་ནང་ཤང་4ཡི་གློག་དྲ་ཆེན་པོའི་སྣུར་སྲིང་ལས་གྲྭ་དང་ཤང་5ཡི་གློག་དྲ་ཆུང་གྲས་ཀྱི་གློག་འདོན་ལས་གྲྭ་ཚུད་ཡོད་པ་དེར་མ་དངུལ་སྒོར་དུང་ཕྱུར་10.18བཏང་ཡོད་པ་རེད། དེའི་ནང་། གློག་དྲ་ཆེན་པོའི་སྣུར་སྲིང་གི་ཚངས་ཕྱེད་བལྟོས་བཅས་ཀྱིས་ཐུང་བ་དང་སྲུང་སྐྱོང་ཁུལ་དང་སྐྱེ་ཁམས་དམར་ཐིག་དང་སྤྱིར་ན་འབྲེལ་མེད་པའི་ཤང་4ལ་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་8.8བཏང་ནས་གློག་དྲ་ཆེན་པོའི་སྣུར་སྲིང་ལས་གྲྭ་སྐྲུན་འགན་འཁུར་རྒྱུ་དང་2025ལོའི་ལོ་མཇུག་ཏུ་བསྐྲུན་ནས་སྤྱོད་འགོ་འཛུགས་རྩིས་ཡོད་པ་རེད། གཙང་གསུམ་ཆུ་འགོའི་ལྟེ་བའི་སྲུང་སྐྱོང་ཁུལ་དུ་གནས་པའི་ཤང་5ལ་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས་གློག་གཏོང་ཁེ་ལས་སྒྲིག་འཛུགས་བྱས་ཏེ། གློག་དྲ་ཆུང་གྲས་ཀྱི་གློག་འདོན་ལས་གྲྭ་བརྒྱུད་གློག་སྤྱོད་དགོས་མཁོ་སྐོང་རྒྱུ་ཡིན་པ་དང་། 2025ལོའི་ཟླ་6པར་བསྐྲུན་ནས་སྤྱོད་འགོ་འཛུགས་རྩིས་ཡོད་པ་རེད།

    རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་ཏུང་ཧྲི་ཀྲང་ཆན་ཆིང་ལིན་གྱིས། ཡུལ་ཤུལ་གྱི“གློག་དྲ་ཆེན་པོ་ཁྱབ་མེད་པའི་ཤང”གི་གློག་འདོན་ལས་གྲྭ་ཚང་མ་བསྐྲུན་རྗེས་ཡུལ་ཤུལ་གྱི་ཤང་9ཡི་གློག་འདོན་ནུས་པ་དང་། གློག་འདོན་སྤུས་ཚད། ཞབས་ཞུའི་ཆུ་ཚད་བཅས་རྩ་བའི་ཆ་ནས་མཐོ་རུ་ཕྱིན་ཏེ་ཞིང་འབྲོག་མང་ཚོགས་ཁྲི་4.75ཡི“གློག་ཡོད་པ”ནས“གློག་ཡག་པོ་ཡོད་པའི”བར་གྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་ཐུབ་རྒྱུ་རེད་ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།