དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ARJ21གནམ་གྲུས“མཚོ་བོད་ས་མཐོ་སྐོར་བའི”དཔེ་སྟོན་འཕུར་སྐྱོད་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-24

     གསར་འགོད་པར་ཀྲུང་གོ་ཚོང་ལས་འཕུར་སྐྱོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་21ཉིན། ཀྲུང་གོ་ཚོང་ལས་འཕུར་སྐྱོད་ཀུང་སིའི་ARJ21གནམ་གྲུ་ཞིག་སི་ཁྲོན་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་སྐར་མ་50སོང་རྗེས་སི་ཁྲོན་རྔ་པ་ཧུང་ཡོན་གནམ་ཐང་དུ་བདེ་བླག་ངང་འབྱོར་བ་དང་། དེ་ཐོག་ནས་དུས་ཡུན་ཟླ་བ་གཅིག་རིང་ARJ21གནམ་གྲུས“མཚོ་བོད་ས་མཐོ་སྐོར་བའི”དཔེ་སྟོན་འཕུར་སྐྱོད་བྱེད་འགོ་ཚུགས་པ་མཚོན་ཡོད་པ་རེད།

    བཀོད་སྒྲིག་བྱས་པར་གཞིགས་ན། ད་ཐེངས་ཀྱི་དཔེ་སྟོན་བྱེད་རིང་ARJ21གནམ་གྲུ་སི་ཁྲོན་ཁྲེང་ཏུའུ་དང་། བོད་ལྗོངས་ལྷ་ས། མཚོ་སྔོན་ཟི་ལིང་བཅས་འཕུར་སྐྱོད་རྟེན་གཞིར་བྱས་ཏེ་སི་ཁྲོན་དང་། བོད་ལྗོངས། ཀན་སུའུ། མཚོ་སྔོན་བཅས་ཀྱི་ས་མཐོ་ཡང་མཐོའི་གནམ་ཐང་མང་པོར་འཕུར་ནས་ARJ21གནམ་གྲུ་ས་མཐོ་ཡང་མཐོའི་གནམ་ཐང་དང་ས་མཐོ་ཡང་མཐོའི་མཁའ་ལམ་ལ་འཚམ་པ་དང་། གནམ་ཐང་གི་ས་ངོས་ཞབས་ཞུའི་སྒྲིག་ཆས་ལ་འཚམ་པ་དང་དམིགས་བསལ་འཕུར་སྐྱོད་གོ་རིམ་ལ་འཚམ་པ་བཅས་ར་སྤྲོད་གང་ལེགས་བྱས་ཏེ་ས་བབ་མཐོ་བའི་ས་ཁུལ་གྱི་གཉེར་སྐྱོང་དགོས་མཁོ་དེ་བས་ལེགས་པ་དང་ཕྱོགས་ཡོངས་ནས་སྐོང་རྒྱུ་རེད།

    ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་གཏན་འབེབས་གཞིར་བཟུང་། ས་བབ་མཐོ་ཚད་སྨི་2438དང་དེ་ཡན་ཟིན་པའི་གནམ་ཐང་ནི་ས་མཐོ་ཡང་མཐོའི་གནམ་ཐང་ཡིན་ཞིང་། རང་རྒྱལ་ལ་ས་མཐོ་ཡང་མཐོའི་གནམ་ཐང་ཁྱོན་25ཡོད།

    ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ས་མཐོའི་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་གྱི་དགོས་མཁོ་རིམ་བཞིན་ཆེ་རུ་ཕྱིན་པ་མ་ཟད། ས་མཐོ་ཡང་མཐོའི་གནམ་ཐང་དང་མཁའ་ལམ་དང་འཚམ་པའི་གནམ་གྲུའི་དགོས་མཁོ་ཡང་ཉིན་བཞིན་ཆེ་རུ་ཕྱིན་ཡོད། ད་ཐེངས་ཀྱི“མཚོ་བོད་ས་མཐོ་སྐོར་བའི”དཔེ་སྟོན་འཕུར་སྐྱོད་ཀྱིས་ས་མཐོར་འཕུར་སྐྱོད་ཀྱི་གནམ་གྲུའི་ནུས་པ་སྔར་བས་ར་སྤྲོད་ཐུབ་ནས། རང་རྒྱལ་གྱིས་བཟོས་པའི་ཚོང་སྤྱོད་གནམ་གྲུར་ས་མཐོ་ཡང་མཐོའི་མཁའ་ལམ་དེ་བས་མང་བ་གཏོད་པ་དང་མཐའ་མཚམས་སུ་མགྱོགས་མྱུར་འཕུར་ཐུབ་པར་རྨང་གཞི་འདིང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།