དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཕྱུར་བ་ཐོན་ལས་གསར་པར་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་མིང་ཧྥུང་།   |     སྤེལ་དུས།  2024-08-24

    སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་བྲག་འགོ་རྫོང་གི་ད་ར་སྤྲི་དཀར་ལས་སྣོན་ཞིབ་ཚགས་གླིང་གི་བཟོ་ཁང་ནང་ཕྱུར་བ་འགྱིག་ཤོག་མང་པོ་འདྲེན་ཐག་བརྒྱུད་རྒྱུན་ཆད་མེད་པར་དབོར་བ་དག་བཟོ་པས་གྲལ་སྟར་འགྲིག་པོར་བཞག “དེ་སྔོན་ཕྱུར་བ་བཟས་མ་ཚར་ན་མང་ཆེ་བ་གཞན་ལ་སྦྱིན་རྒྱུ་ལས་མ་འདས། ད་ཆ་དེ་དག་རིན་ཆེན་ནོར་བུ་ལྟ་བུར་གྱུར་ནས་ཀུང་སིར་བཙོངས་ན་སྤྱི་རྒྱ་རེར་སྒོར་40ནས་50བར་རག་གི་འདུག”ཅེས་གཙང་མདའ་ཤང་གི་འབྲོག་པ་སྐྱབས་ཁོས་བརྗོད།

    ཕྱུར་བར་ཁྲོམ་རའི་མདུན་ལམ་ཅུང་ཆེན་པོ་ལྡན་ཡོད། 2011ལོར། ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་ཀྱི་རོགས་སྐྱོར་ལས་དོན་རུ་ཁག་དང་བྲག་འགོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ས་གནས་དེ་གའི་ཕྱུར་བའི་ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ནས། ད་ར་སྤྲི་དཀར་ཐོན་སྐྱེད་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཏེ་ཁམས་པའི་ཧྲེང་ཏེ་འབྲི་གཡག་ཐོན་ལས་ཚད་ཡོད་ཀུང་སི་བཙུགས་པ་རེད།

    ཅིན་ཅང་ཆུས་ཀྱིས་རོགས་སྐྱོར་མ་དངུལ་འབོར་ཆེན་བཏང་ནས་ཁེ་ལས་དང་ཚན་རིག་ཞིབ་འཇུག་སུའོ་དང་མཐུན་སྦྱོར་ཧུར་ཐག་བྱས་ཁར། ད་ར་སྤྲི་དཀར་ཐོན་སྐྱེད་ལག་རྩལ་རིམ་སྤོར་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ལ་སྐུལ་འདེད་བཏང་ཡོད། ད་ཆ་ཁམས་པ་ཧྲེང་ཏེ་ཀུང་སིའི་ཕྱུར་བ་སྐམ་པོའི་བཅུད་ལེན་ཆུ་ཚད་93%བར་མཐོ་རུ་ཕྱིན་ཏེ། ལོ་རེར་བཟའ་བྱའི་ད་ར་སྤྲི་དཀར་ཐོན་ཚད་ཏུན་600ལ་ཐོན་རྫས་རིན་ཐང་སྒོར་ཁྲི་3000ཟིན་ནས་ཞིང་འབྲོག་དུད་ཚང་5000ལྷག་ཙམ་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་1500འཕར་བར་སྐུལ་ཁྲིད་ཐུབ་ཡོད། ན་ནིང་ཅིན་ཅང་ཆུས་ཀྱིས་སླར་ཡང་མ་དངུལ་སྒོར་ཁྲི་200བཏང་ནས་ཁམས་པ་ཧྲེང་ཏེ་ཀུང་སིས་ལོ་རེར་ཐོན་ཚད་ཏུན་3000ཟིན་པའི་ཐོན་སྐྱེད་སྒྲུབ་རིམ་གསར་དུ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཤིང་། སྔོན་དཔག་བྱས་ན་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ཀུང་སིའི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.8ཟིན་རྒྱུ་རེད།

    བྲག་འགོ་རྫོང་ད་ར་སྤྲི་དཀར་ལས་སྣོན་གླིང་དུ་སྐྱོད་སྐབས། གྲངས་འཛིན་ཞིང་ལས་ཐོན་རྫས་ཉོ་ཚོང་ལྟེ་གནས་དང་། ཐོན་རྫས་འགྲེམས་སྟོན་ལྟེ་གནས། རིག་ནུས་ཐོན་སྐྱེད་སྒྲུབ་རིམ་བཅས་ཚང་མ་འཛོམས་ཡོད། བྲག་འགོ་རྫོང་གི་ད་ར་སྤྲི་དཀར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ད་དུང་ཅིན་ཅང་ཆུས་ཀྱིས་ཅིན་ཏུང་ཧྥང་དབྱི་ཡུན་ཚན་རྩལ་ཚད་ཡོད་ཀུང་སི་ནང་འདྲེན་བྱེད་རོགས་བྱས་ནས་བྲག་འགོ་རྫོང་གི་འབྲི་གཡག་ཐོན་ལས་ཁྱུ་ཚོགས་ད་ར་སྤྲི་དཀར་ལས་སྣོན་ཞིབ་ཚགས་གླིང་གི་ཞིང་ལས་ཐོན་རྫས་ཉོ་ཚོང་ལྟེ་གནས་བསྐྲུན་ཡོད། “ཉོ་ཚོང་ལྟེ་གནས་ཀྱིས་ཆ་འཕྲིན་ཅན་གྱི་ལག་རྩལ་བརྒྱུད་ཕྱུར་བ་བསྡུ་ཉོ་བྱེད་རྒྱ་དཀར་མཛེས་ཀྲོའུ་བྱང་ལམ་གྱི་རྫོང་8བར་ཆེ་རུ་བཏང་བ་དང་། བསྐྲུན་རྗེས་ཀྱི་ལོ་3ནང་ཕྱུར་བ་བསྡུ་ཉོ་བྱེད་ཚད་ཏུན་2500ལྷག་ཙམ་ཟིན་ནས་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་1ཡན་ཟིན་ཡོད”ཅེས་ཅིན་ཅང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་རུ་དཔོན་གཞོན་པ་ཁྲེན་པོ་པིང་གིས་ངོ་སྤྲོད་བྱས།

    “ད་ལོ་ད་དུང་ཅིན་ཅང་ཆུས་ཀྱིས་མ་དངུལ་སྒོར་ཁྲི་400བཏང་ནས་ད་ར་སྤྲི་དཀར་གྱི་ཐོན་སྐྱེད་སྒྲུབ་རིམ་གསར་པའི་ཐོན་སྐྱེད་འཁོར་ཁང་གི་སྒྲིག་ཆས་མངག་ཉོ་དང་རིག་ནུས་གྲངས་འཛིན་ལ་སྒྱུར་བའི་སྒྲིག་ཆས་ཀྱི་གྲངས་འཛིན་ཆ་འཕྲིན་མ་ལག་འཛུགས་སྐྲུན་ལ་སྤྱོད་རྒྱུ་ཡིན”ཞེས་ཅིན་ཅང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་རུ་དཔོན་ཀྲང་ཆིང་གིས་བརྗོད་པ་དང་། ཁོང་གིས། ཅིན་ཅང་ཆུས་ཀྱིས་བྲག་འགོ་རྫོང་དང་མཉམ་དུ་ད་ར་སྤྲི་དཀར་གྱི་ཐོན་ལས་འཁོར་འབྲེལ་སྔར་བས་སྣུར་སྲིང་བྱས་ཏེ་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་དེ་བས་མང་བ་ཐོན་སྐྱེད་བྱས་ནས། ཞིང་འབྲོག་མང་ཚོགས་དེ་བས་མང་བར་འབབ་འཕར་ཡོང་བའི་སྐུལ་ཁྲིད་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།