ཨ་བི་ཁ་འདེབས་འཛུགས་འབབ་འཕར་གྱི་ཐབས་མཆོག་ཏུ་གྱུར་པ།
འདི་ནི་སྨན་གླིང་གྲོང་ཁྱེར་བམ་གྲོང་ཨ་བི་ཁ་འདེབས་འཛུགས་རྟེན་གཞིའི་ལས་བཟོས་ཨ་བི་ཁ་སྐྱེ་ཚུལ་ལ་ལྟ་བཞིན་པ།
གྲོང་གསེབ་དར་རྒྱས་གཏོང་བར་སྔོན་ལ་ཐོན་ལས་ལེགས་པར་བསྐྲུན་དགོས། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་སྨན་གླིང་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁྲོམ་རའི་དགོས་མཁོར་དམིགས་པ་དང་ས་གནས་དེ་གའི་རང་བྱུང་གི་ལེགས་ཆ་སྤྱད་དེ་ཡུལ་བབ་དང་བསྟུན་ནས་ཨ་བི་ཁ་འདེབས་འཛུགས་འཕེལ་རྒྱས་བཏང་ནས་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ལ་ལམ་བུ་གསར་པ་བཏོད་ཅིང་། ཨ་བི་ཁ་འདེབས་འཛུགས་ནི་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་མཆོག་ཏུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཡོད།