གཞིས་རྩེ་གྲོང་ཁྱེར་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ Vས་ཚིགས་ཐོག་མ་སྤྱོད་འགོ་ཚུགས་པ།
ཟླ་8ཚེས་19ཉིན་ཀུན་ཁྱབ་གླིང་ཁའི་ནང་གནས་པའི་བསམ་གྲུབ་རྩེ་ཆུས་ཀྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་དངོས་སུ་སྒོ་བྱང་ཕྱེ་བ་དང་། གཞིས་རྩེ་གྲོང་ཁྱེར་དུ་བསྐྲུན་ནས་སྤྱོད་འགོ་ཚུགས་པའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ཐོག་མར་གྱུར་ཡོད།
བསམ་གྲུབ་རྩེ་ཆུས་ཀྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ད་ལོའི་ཟླ་8པར་བསྐྲུན་པ་དང་། དེ་ནི་ཉིན་མོའི་ལྟ་རྟོག་དང་། བློ་འདྲིའི་ཞབས་ཞུ། སྤྲོ་གསེང་དཔེ་ཀློག ངལ་གསོ། སྲིད་ཇུས་དྲིལ་བསྒྲགས། གཟུགས་འཁྲུད་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་དམངས་ཕན་ཞབས་ཞུའི་ས་ཚིགས་ཤིག་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བསམ་གྲུབ་རྩེ་ཆུས་ཨུད་ཀྱིས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་འཛུགས་སྐྱོང་བྱེད་པ་ཐོག་མཐའ་བར་གསུམ་དུ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཤིང་། འཚོ་བ་དམངས་ཕན་དང་། རིག་གནས་དམངས་ཕན། སྲིད་ཇུས་དམངས་ཆེད། ཚན་རྩལ་དམངས་རོགས་བཅས་ལ་དམིགས་ཏེ་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“ངལ་གསོ་ཡུལ”དང་། སྤྱི་ཚོགས་ཀྱི་ལས་དོན་པ་དང་དྲ་མིག་པའི“ངལ་གསོ་ཡུལ” སྐོར་སྐྱོད་ཏང་ཡོན་གྱི“འབྱོར་ཐོ་འགོད་ཡུལ”དང་བླངས་པའི“ཞབས་ཞུའི་ས་ཚིགས” ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི“འབྲེལ་གཏུག་ས་ཚིགས”བཅས་སུ་བསྐྲུན་ནས“V”ས་ཚིགས་ཆུང་ཆུང་གིས“ནུས་པ་ཆེན་པོ”འདོན་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད།