དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལོ་སུམ་ཅུའི་རིང་ཤེས་ལྡན་ལས་བྱེད་པ་ཁྲི་1.2ཙམ་བོད་དུ་ཡོང་ནས་བོད་ལྗོངས་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིམ་རྩིས་བརྒྱབ་ན་བོད་སྐྱོར་རྣམ་གྲངས་ཁག་དགུ་སྟོང་ལྔ་བརྒྱ་ལྷག་ཙམ་ལག་བསྟར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-24

    ཚེས་22ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་། ལག་ལེན་གྱི་གྲུབ་འབྲས། ཉམས་མྱོང་གི་བློ་འབྱེད་བཅས་ནས་ལོ་30རིང་ཁག་10ཡི་ཤེས་ལྡན་ལས་བྱེད་པ་ཁྲི་1.2ཙམ་གྱིས་བོད་སྐྱོར་ལས་དོན་སྤེལ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་ཁག་བཅུ་པའི་ཤེས་ལྡན་ལས་བྱེད་པའི་བོད་སྐྱོར་སྤྱི་ཁྱབ་སྣེ་འཁྲིད་པ་སུང་ལི་ཆང་གིས། ལོ་30ཡི་རིང་། བོད་སྐྱོར་ལས་བྱེད་པས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པ་རེད།

    ལས་བྱེད་པ་ཚོས་གླིང་ཁུལ་དང་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་གཞི་རྟེན་དུ་བྱས་ནས་ཁེ་ལས་1140ལྷག་ཙམ་ནང་འདྲེན་བྱས་ཏེ་ཝུན་ཤིང་ཀོང་ཇོའི་དངོས་ལྗོངས་ཟློས་གར་དང་། “ལྷ་སའི་ཅ་དངོས་ཡག་པོ” པ་སྣམ་གྱི་སྔོ་ཚལ་སོགས་ཁྱད་ལྡན་སྤུས་རྟགས་བརྒྱ་ཕྲག་ཁ་ཤས་བཏོད་ནས་བོད་ཀྱི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད། “འདུ་ཤེས་གསུམ”གྱི་སློབ་གསོ་སོགས་ཀྱི་ལས་དོན་སྤེལ་རིང་ཤེས་ལྡན་བོད་སྐྱོར་ལས་བྱེད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཐོན་པ་བཅས་ཀྱི་སྒོ་ནས་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། རིམ་རྩིས་བརྒྱབ་ན་དྭ་ཕྲུག་དང་སློབ་མ་དབུལ་པོ་ཁྲི་1ཙམ་ལ་མ་དངུལ་གྱི་རོགས་སྐྱོར་བྱས་པ་དང་། ལྷན་སྐྱེས་སྙིང་ནད་དང་། སྐྱ་གྲིབ། གྲུམ་བུ་ཚིགས་ཆེན་ནད་སོགས་ཀྱི་ནད་པ་8300ལྷག་ཙམ་ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱས་ཡོད།

    ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཤེས་ལྡན་བོད་སྐྱོར་ལས་བྱེད་པས་བོད་ཀྱི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་ཞབས་འདེགས་ཧུར་ཐག་ཞུས་ཤིང་། རིམ་རྩིས་བརྒྱབ་ན་བོད་སྐྱོར་རྣམ་གྲངས་སྣ་ཚོགས་ཁག་9500ལྷག་ཙམ་ལག་བསྟར་བྱས་ཤིང་། ཁྱབ་རྒྱ་ཆེ་བ་དང་ཁྱབ་ཁོངས་ཆེ་བའི་སྒོ་ནས་བོད་སྐྱོར་གྱི“གཉིས་འགུགས་གཉིས་འདྲེན”ལས་དོན་སྤེལ་ཏེ། 2023ལོར་ཚོང་འགུགས་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་251.76ཟིན་པ་དང་མཐོ་རིམ་ཤེས་ལྡན་པ་146ནང་འདྲེན་བྱས་ཡོད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར(ཚན་པ)ལ་མཐུན་སྦྱོར་བྱས་ནས་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་10 སྐྱེ་ཁམས་རིགས་སྣའི་རྒྱབ་ལྗོངས་ལྟ་ཞིབ་ཚད་ལེན་ས་ཚིགས་100བཅས་སྐྲུན་རོགས་བྱས་པ་དང་འབྲེལ། ལྗོངས་ཡོངས་ལ་ཁྱབ་པའི་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་ལྟ་ཞིབ་ཚད་ལེན་ལས་སྟེགས་དང་ཁོར་ཡུག་མཁའ་རླུང་སྤུས་ཚད་ཉེན་ཟོན་སྔོན་བརྡའི་ལས་སྟེགས་སོགས་བསྐྲུན་ཡོད། རིམ་རྩིས་བརྒྱབ་ན་ལས་བསྡུའི་འདུ་ཚོགས་སྣ་ཚོགས་ཐེངས་1800ལྷག་ཙམ་སྤེལ་ནས་ལས་གནས་ཁྲི་9.3ལྷག་ཙམ་མཁོ་འདོན་བྱས་ཏེ་མང་ཚོགས་ལ“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱེད་རོགས་བྱས་ཡོད།

    ལོ་30ཡི་རིང་། བོད་ལྗོངས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ་དང་བསྟུན་ནས་ཤེས་ལྡན་ལས་བྱེད་པའི་བོད་སྐྱོར་འདེམས་གཏོང་གྲངས་འབོར་དང་། སྲིད་ཇུས། གྲུབ་ཆ། བྱེད་ཐབས། སྒྲིག་སྲོལ་བཅས་ཀྱང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། ཁག་དང་པོའི་མི་གྲངས་622ནས་ཁག་བཅུ་པའི་མི་གྲངས་2117བར་རིམ་བཞིན་མང་དུ་ཕྱིན་ནས་341%འཕར་ཡོད། ཁག་དང་པོ་ནས་བདུན་པའི་བར་མི་སྒེར་གྱིས་མིང་ཐོ་འགོད་པ་དང་། རྩ་འཛུགས་སྡེ་ཚན་གྱིས་ཕུལ་བྱུང་ནང་ནས་ཕུལ་བྱུང་འདེམས་པ། ཀྲུང་དབྱང་གཙོ་གཉེར་སྡེ་ཚན་གྱིས་ཞིབ་བཤེར་གཏན་འབེབས་བྱས་ནས་མོས་མཐུན་བྱེད་པ་བཅས་ཀྱི་བྱ་ཐབས་ཐོག་ནས་འདེམས་གཏོང་བྱས་པ་དང་། ཁག་བརྒྱད་པའི་བོད་སྐྱོར་བྱེད་འགོ་ཚུགས་པ་ནས་བཟུང་རིམ་སྙོམས་ལེགས་འདེམས་འདེམས་གཏོང་བྱ་ཐབས་ལག་ལེན་བསྟར་འགོ་ཚུགས་ཡོད། གཙོ་བོ་ཏང་སྲིད་ལས་བྱེད་པ་འདེམས་གཏོང་བྱེད་པ་ནས་ཏང་སྲིད་ལས་བྱེད་པ་དང་། ཆེད་ལས་ལག་རྩལ་ཤེས་ལྡན་པ། ཁེ་ལས་གཉེར་སྐྱོང་དོ་དམ་ཤེས་ལྡན་པ་བཅས་འདེམས་གཏོང་ཟུང་འབྲེལ་བྱེད་པར་འཕེལ་རྒྱས་ཕྱིན་ཏེ། མི་སྣའི་ཕོ་མོ་དང་། སློབ་རྒྱུས། ལོ་ཚོད། ཆེད་ལས་གྲུབ་ཆ་བཅས་དེ་བས་ལུགས་མཐུན་བྱུང་ཡོད། ལོ་གསུམ་གྱི་བོད་སྐྱོར་དང་དུས་ཐུང་བོད་སྐྱོར་དང་། འཆར་གཞིའི་ནང་གི་བོད་སྐྱོར་དང་འཆར་གཞིའི་ཕྱིའི་བོད་སྐྱོར་སོགས་ཀྱི་བྱེད་ཐབས་ཟུང་འབྲེལ་བྱེད་པའི་འདེམས་གཏོང་རྣམ་པ་རིམ་བཞིན་ཆགས་ནས་ཏང་ཨུད་ཀྱིས་གཅིག་འགྱུར་བཀོད་སྒྲིག་དང་། རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན། འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་བཙུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།