དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བདུན་པའི་བར་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་6894བཏང་བ།

    དུས་མཚུངས་ལས་12.8%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-23

     གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་6894བཏང་བ་དེ་དུས་མཚུངས་ལས་12.8%འཕར་བ་དང་། དེའི་ནང་འཕར་འགྲེམ་རྒྱལ་བུན་ནས་བཀོད་སྒྲིག་བྱས་པའི་ཆུ་བེད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་2585བཏང་བ་རེད། ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་སུ་ཆུ་བེད་རྣམ་གྲངས་ཁྲི་4ལག་ལེན་བསྟར་བ་དེ་དུས་མཚུངས་ལས་17%འཕར་བ་དང་། དེའི་ནང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་ཁྲི་2.6ཡོད་པ་དེ་དུས་མཚུངས་ལས་23.9%འཕར་ཡོད་པ་རེད།

    ཟླ་བ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་སུ་ཆུ་བེད་ལས་གྲྭ་གལ་ཆེན་34ལས་འགོ་བཙུགས་པ་དེ་ན་ནིང་གི་དུས་མཚུངས་ལས་8མང་དུ་ཕྱིན་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་2082.5བཏང་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་954.9མང་དུ་སོང་ཡོད། ཟླ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ཀྱི་ཆུ་བེད་རྣམ་གྲངས་ཨར་ལས་ལ་ལས་མི་ཁྲི་168.3བསྡུས་པ་དེ་དུས་མཚུངས་ལས་3.3%འཕར་ཡོད། དེའི་ནང་གྲོང་གསེབ་ཀྱི་ངལ་ནུས་མི་ཁྲི་135.3བསྡུས་པ་དེ་དུས་མཚུངས་ལས་8.1%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།