དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གསུམ་གྱིས་ལེའོ་ཉིང་ལ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་དོ་པོ་7000གཏོང་སྤྲོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-23

     ཚེས་20ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས་སོགས་ཀྱི་སྡེ་ཚན་སྒྲིག་འཛུགས་ཀྱིས་མཉམ་དུ་གྲོས་མོལ་བྱས་ཏེ་གཙོ་གནད་ས་ཁུལ་ལ་ཉེན་སེལ་རྒུད་སྐྱོབ་དང་། དྲག་ཆར་ལ་དོགས་ཟོན་དང་ཁ་གཏད་གཅོག་པ། ཆུ་ལོག་སྔོན་འགོག་ལས་གྲྭར་སྐོར་ཞིབ་དང་འགོག་སྲུང་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་ཤིང་། གྲོས་མོལ་སྐབས་ནན་བཤད་བྱས་དོན། མིག་སྔར་རང་རྒྱལ་སྔར་བཞིན་འབྲུབ་ཆུ་རྒྱས་པའི་དུས་སྐབས་གཙོ་བོར་གནས་ཡོད། ལྷོ་ཕྱོགས་དང་བྱང་ཕྱོགས་ལ་ཆར་པ་ཆེན་པོ་འབབ་བཞིན་ཡོད་པ་དང་། ས་ཁུལ་ཁ་ཤས་ཀྱི་ཆར་པ་ཡ་ཡུད་ཆེ་བས། འབྲུབ་འགོག་ལས་དོན་ལ་དོགས་ཟོན་ཆེན་པོ་དང་། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། ཉེན་ཟོན་སྔོན་བརྡ“དང་ལེན”ལམ་སྲོལ་དོན་འཁྱོལ་བཅས་བྱས་ཏེ་ཉེན་ཁ་འཕྲད་པའི་མི་སྣ་སྔ་སྣུར་དུ་གནས་སྤོ་བྱེད་དགོས། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་གཞུང་དོན་ཁང་གིས་ལས་དོན་ཚོགས་ཆུང་ལེའོ་ཉིང་དུ་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་པར་མངགས་ཡོད།

    ལེའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་སོགས་ས་ཁུལ་གྱི་འབྲུབ་འགོག་གེགས་སེལ་གྱི་དགོས་མཁོ་གཞིར་བཟུང་། རྒྱལ་ཁབ་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་ལེའོ་ཉིང་ཞིང་ཆེན་ལ་ཀམ་པ་ལི་དང་ཁྱིམ་ཚང་གི་འཕྲལ་སྡོམ་ཁུག་མ་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་དོ་པོ་7000མགྱོགས་མྱུར་གཏོང་སྤྲོད་བྱས་ནས། ས་གནས་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་མགྱོགས་མྱུར་གནས་སྤོ་བཀོད་སྒྲིག་དང་གཞི་རྩའི་འཚོ་བའི་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད།

    འདི་ག་ཚགས་པར་ཁང་དུ་ཧྲེན་དབྱང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གྱི་ཆུ་ཚོད་19ལ། ལེའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་འབྲུབ་འགོག་འཕྲལ་སྡོམ་དང་ལེན་རིམ་པ་Ⅱབར་མཐོ་རུ་བཏང་ཡོད། ལེའོ་ཉིང་ཞིང་ཆེན་ཆུ་བེད་ཐིང་གིས་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ལ་ལས་དོན་ཚོགས་ཆུང་མངགས་ནས་ཅན་ཁྲང་རྫོང་དུ་དྲག་ཆར་འགོག་སྲུང་དང་ཉེན་སེལ་རོགས་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱས་ཡོད། ལེའོ་ཉིང་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་ཐད་འཕུར་གནམ་གྲུ་13མཐུན་སྦྱོར་བྱས་ནས་དཀའ་གནས་སུ་གྱར་པའི་མང་ཚོགས་ལ་རོགས་སྐྱོབ་ལས་དོན་སྤེལ་ཡོད། ལེའོ་ཉིང་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་རླངས་འཁོར་8དང་མི་27བཏང་བ་དང་ཞིང་ཆེན་སྐབས་བསྟུན་ཉིང་ལག་རུ་ཁག་གིས་མི་66དང་། རླངས་འཁོར་18 གྲུ་14བཅས་བཏང་ནས་ཧུའུ་ལུའུ་ཏའོ་གྲོང་ཁྱེར་དུ་རོགས་སྐྱོབ་བྱེད་པར་བསྐྱོད་ཡོད། ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱིས་རོགས་སྐྱོབ་སྟོབས་ཤུགས་མི་2700ལྷག་ཙམ་བཏང་བ་དང་གདོང་མཆོང་གྲུ་གཟིངས་སོགས་རོགས་སྐྱོབ་དངོས་ཟོག་དང་སྒྲིག་ཆས་ཁྱེར་ནས་ཉེན་ཁའི་གནས་ཚུལ་ཐོན་ཁུལ་དུ་མགྱོགས་མྱུར་བསྐྱོད་ཡོད། ཚེས་20ཉིན་གྱི་ཆུ་ཚོད་19བར། ཧུའུ་ལུའུ་ཏའོ་གྲོང་ཁྱེར་ཡོངས་སུ་ཉེན་ཁའི་ཁུལ་གྱི་མང་ཚོགས་7075གནས་སྤོས་པ་དང་དཀའ་གནས་སུ་གྱར་པའི་མང་ཚོགས་83བདེ་བླག་ངང་བསྐྱབས་ཤིང་། གློག་དྲ་ནས་རིམ་བཞིན་གློག་མཁོ་འདོན་སླར་གསོ་བྱེད་བཞིན་ཡོད་པས་ཅན་ཁྲང་རྫོང་དུ་གཞི་རྩའི་ཆར་འཕྲིན་གཏོང་སླར་གསོ་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།