དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་མི་བཞུགས་འཕུར་གྲུས་ཁྱབ་ཁོངས་དེའི་དུས་ཚོད་རིང་ཤོས་དང་ལམ་ཐག་རིང་ཤོས་ཀྱི་འཕུར་སྐྱོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་21ཉིན། གསར་འགོད་པས་ཀྲུང་གོ་མཁའ་འགྲུལ་བཟོ་ལས་ཚོགས་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚོགས་པ་དེའི་ཁོངས་གཏོགས་མཁའ་འགྲུལ་བཟོ་ལས་དམིགས་བསལ་འཕུར་སྐྱོད་འཕྲུལ་ཆས་ཞིབ་འཇུག་སུའོ་ཡིས་རང་བརྟེན་ཞིབ་བཟོ་བྱས་པའི“བཀྲ་ཤིས་མཚམས་སྤྲིན”AS700རྟཌ་ཅན་གྱི་མི་བཞུགས་འཕུར་གྲུས་ཧུའུ་པེ་དང་། ཧུའུ་ནན། ཀོང་ཤིས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་བརྒལ་ནས་ཧུའུ་པེ་ཅིང་མོན་ནས་ཀོང་ཤིས་ཀུའེ་ལིན་བར་སྤྱི་ལེ་1000ཙམ་བདེ་བླག་ངང་འཕུར་སྐྱོད་བྱས་པ་དེ་ནི་རང་རྒྱལ་གྱི་མི་བཞུགས་འཕུར་གྲུའི་ཁྱབ་ཁོངས་ཀྱི་ལོ་རྒྱུས་ཐོག་གི་འཕུར་སྐྱོད་དུས་ཚོད་རིང་ཤོས་དང་ལམ་ཐག་རིང་ཤོས་ཤིག་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། འཕུར་གྲུ་དེས་ཕྱིས་སུ་འཕུར་སྐྱོད་ཚོར་སྣང་མྱོང་ལེན་གྱི་ཚོད་ལྟ་བྱས་ནས་ཚོད་ལྟའི་མི་སྣ་འཕུར་གྲུའི་ནང་སྡོད་པའི་བདེ་འཇགས་ཀྱི་ཚོར་སྣང་དང་སྐྱིད་སྣང་འཚོལ་བསྡུ་བྱས་ཏེ། མི་བཞུགས་འཕུར་གྲུའི་ནང་སྡོད་པའི་སྐྱིད་སྣང་ལེགས་སུ་གཏོང་ཆེད་གྲངས་གཞི་བསོག་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།