རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པས་དོན་འཁྱོལ་ལ་དམ་འཛིན་བྱེད་པར་དུས་ཚོད་དང་ནུས་ཤུགས་དེ་བས་མང་བ་འདོན་དུ་འཇུག་དགོས།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་སྟངས་མུ་མཐུད་གཏིང་ཟབ་ཏུ་དང་རྒྱ་སྐྱེད་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་སྲ་ཞིང་བརྟན་པའི་སྤྱོད་ཚུལ་གྱི་འགན་ལེན་བྱེད་ཆེད། ཉེ་ཆར་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག》བཀྲམ་ཡོད།
ཏང་ནང་ཁུལ་གྱི་ཁྲིམས་སྲོལ་རྣམ་པའི་ཐོག་ནས་ཐེངས་དང་པོར་གཏན་འབེབས་བྱས་ནས་བཏོན་པའི་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་ལམ་ལུགས་ཚད་གཞི་འདིས། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་བླང་བྱ་ནན་པོའི་ཐོག་ནས་ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས། རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པས་དོན་འཁྱོལ་ལ་དམ་འཛིན་བྱེད་པར་དུས་ཚོད་དང་ནུས་ཤུགས་དེ་བས་མང་བ་འདོན་དུ་བཅུག་ཡོད།
གཞི་རིམ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད”དེ་ཡིན་པས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྒྲོག་ཏུ་ཚུད་ན་འགྲིག་ཐབས་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་སྟངས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས”ཞེས་བླང་བྱ་ཐེངས་མང་བཏོན་གནང་བ་མ་ཟད། ད་དུང“གཞི་རིམ་གྱི་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་རྐང་ལག་ཕྱི་ཚུལ་རིང་ལུགས་ཀྱི་འཆིང་རྒྱ་ལས་གྲོལ་བར་བྱས་ནས་ལས་དོན་ཏན་ཏིག་དང་གནད་ལ་འཁེལ་པོས་སྒྲུབ་དགོས”ཞེས་བསྟན་གནང་ཡོད།
《ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་དོན་གོ་ཆོད་པའི་བྱ་ཐབས་མང་པོ་བཏོན་པ་ནས་ཀྲུང་དབྱང་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་ཆེད་དོན་ལས་དོན་ལམ་སྲོལ་དོན་འཁྱོལ་ལ་སྔར་བས་དམ་འཛིན་ཡག་པོ་བྱེད་འགོ་བཙུགས་པའི་བར་དང་། “གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་ལོ”གཏན་འཁེལ་གྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་དང་དམར་འདོན་བྱས་པ་ནས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག》བཀྲམ་པའི་བར་ལ་སོགས། དུས་རབས་གསར་པ་ཤར་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་སྒྲིག་དང་སྐུལ་འདེད་བཏང་གནང་བའི་འོག ཏང་ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་ནང་དོན་གལ་ཆེན་སྤྱི་འདོམས་འཆར་འགོད་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པས་དོན་འཁྱོལ་ལ་དམ་འཛིན་བྱེད་པར་དུས་ཚོད་དང་ནུས་ཤུགས་དེ་བས་མང་བ་འདོན་རྒྱུ་ཡོང་བར་བྱས་ཡོད།
ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་དུ་གྱུར་ཡོད། དུས་མཚུངས་སུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྐྱོན་ཆ་དེ་ཉིན་གཅིག་ལ་གྲུབ་པ་ཞིག་མིན་ལ། གཞི་རིམ་གྱི་ཁུར་པོ་རྩ་བ་ནས་ཡང་དུ་གཏོང་རྒྱུ་དེའང་ཉིན་གཅིག་ལ་ཐུབ་པའང་མིན་པ་ངེས་པར་དུ་གསལ་པོར་མཐོང་བ་བྱེད་དགོས་ཤིང་། དམ་འཛིན་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས།
“འགག་རྩའི་དུས་སྐབས”སུ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་དང་ལྗིད་རྫོབ་ཧ་ཅང་ཆེ་ཞིང་། ཁུར་པོ་ཇི་ཙམ་ལྕི་ན་དེ་ཙམ་གྱིས་ཁུར་པོ་འཁུར་མཁན་ལ་གཅེས་སྐྱོང་བྱེད་དགོས་པ་དང་དེ་ཙམ་གྱིས་གཞི་རིམ་གྱི་ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱེད་པར་ཆ་རྐྱེན་ཡག་པོ་བསྐྲུན་ཏེ། རྒྱང་ལམ་གསར་པའི་ཐོག་དངོས་འཛིན་དངོས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་བྱེད་པའི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
“གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་དབང་ཆ་དང་འགན་འཁྲི་ཁ་གསལ་བཟོ་དགོས་པ་ལས། ལས་ཀ་ཡོད་དོ་ཅོག་གཞི་རིམ་ལ་རྩིས་སྤྲོད་རྐྱང་དང་འགན་དཀྲི་རྐྱང་བྱེད་རྒྱུ་མེད། གཞི་རིམ་གྱིས་ལས་ཀ་གང་ཞིག་གི་འགན་འཁུར་དགོས་མིན་ཐད། འགན་འཁྲི་དང་དོན་ཚན་ཁ་གསལ་བཟོ་དགོས” མ་ལག་གི་འདུ་ཤེས་མཐའ་འཁྱོངས་དང་འབྱུང་རྩ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། མིག་སྔའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་རྙིང་པ་དང་གནས་ཚུལ་གསར་པར་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བྱ་ཐབས་ཏན་ཏིག་རབ་དང་རིམ་པ་བཏོན་ཚེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་རྒྱུན་ཆད་མེད་པར་རྩ་བཅོས་ཐུབ་རྒྱུར་སྐུལ་མ་ཐེབས་ནས། རྒྱ་ཆེའི་གཞི་རིམ་ལས་བྱེད་པས་རྡོག་ཁྲེས་ཕབ་ནས་ལས་ཀར་ཞུགས་ཐུབ་པ་དང་འབད་བརྩོན་ཆེན་པོས་བྱས་རྗེས་འཇོག་ཐུབ།
སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པར་ནམ་ཡང་ཚར་དུས་མེད། དེས་ན་ངེས་པར་དུ་རྒྱུན་ལྡན་དང་ཡུན་རིང་དང་། གཟབ་ནན་དང་ཏན་ཏིག གཏིང་ཟབ་དང་ཞིབ་ཕྲ་བཅས་ལ་ཤུགས་བརྒྱབ་ནས་གོམས་གཤིས་འཇགས་པ་དང་། ཕན་འབྲས་ཐོབ་པ། དར་སྲོལ་གོམས་སྲོལ་དུ་འགྱུར་བ་བཅས་བྱེད་དགོས།
ལམ་ལུགས་འཛུགས་སྐྱོང་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་དང་ནུས་པ་འདོན་རྒྱུར་སྤྱི་འདོམས་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྔར་བས་དོན་འཁྱོལ་ནན་པོ་བྱེད་པ། ཡིག་ཆ་དང་ཚོགས་འདུ་ཁུ་བསྡུ་ནན་པོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་སྟངས་སྤྱི་འདོམས་ཀྱིས་ཚད་ལྡན་དུ་གཏོང་བ། ལས་བྱེད་པ་སྐོང་གཡར་དང་སྲིད་དོན་སྒུལ་བདེའི་དྲ་སྦྲེལ་ཉེར་སྤྱོད་ཀྱི་གོ་རིམ་དོ་དམ་བྱེད་ཐབས་ཚད་ལྡན་དུ་གཏོང་བ། གཞི་རིམ་གྱི་དབང་ཆ་དང་ལས་འགན་ཚད་ལྡན་དང་ཁ་གསལ་བཟོ་བ། དཔེ་སྟོན་འཛུགས་གཏོད་དང་ཚད་ལོན་བྱེད་སྒོ་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས།
གཞི་རིམ་གྱི་ལས་བྱེད་པས“ཁུར་པོ་ཡང་དུ་གཏོང་བ”ནི“འགན་འཁྲི་ཆུང་དུ་གཏོང་བ”དང“འགན་འཁྲི་འཁུར་ཤུགས་ཆུང་དུ་བཏང་བ”ཞིག་མིན་པའི་ངོས་འཛིན་གཏིང་ཟབ་ཐུབ་པར་སློབ་གསོ་ཁྲིད་སྟོན་བྱས་ནས། དེ་བས་ཧུར་བརྩོན་དང་རང་འགུལ་ངང་ལམ་བཤངས་ཡར་བརྩོན་དང་དམ་འཛིན་དངོས་སྒྲུབ་ཐུབ་པར་བྱེད་དགོས།
གཞི་རིམ་གྱི་ལས་བྱེད་པས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ཤེས་རྟོགས་བྱུང་ཚེ་དེ་བཅོས་སྒྲིག་བྱེད་དགོས་པ་དང་། དཔེ་མཚོན་རང་བཞིན་དང་ཡོངས་ཁྱབ་རང་བཞིན་ངེས་ཅན་ལྡན་པའི་གནད་དོན་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཆེད་དོན་བཅོས་སྒྲིག་དང་གཙང་བཤེར་བྱས་ཏེ། “གནད་དོན་གཅིག་ཐག་གཅོད”བྱེད་པ་ནས“རིགས་འདྲའི་གནད་དོན་ཐག་གཅོད”བྱེད་པའི་བར་རྒྱ་སྐྱེད་པར་སྐུལ་འདེད་གཏོང་དགོས།
གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པར་སྐུལ་འདེད་བཏང་ཚེ། གཞི་ནས་རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པ་དང་མི་དམངས་མང་ཚོགས་ལ་དེ་བས་ལེགས་པོའི་སྒོ་ནས་ཁུར་པོ་ཡང་གཏོང་གི་ཕན་པ་ཐོབ་ཐུབ།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་བྱས་པ་ལས་བྱུང་བ་དང་བྱ་གཞག་རླབས་པོ་ཆེ་ཚང་མ་དངོས་སུ་སྒྲུབ་པ་ལས་བྱུང་བ་ཤ་སྟག་རེད། ཐོག་མཐའ་བར་གསུམ་དུ་ཕྱི་ཚུལ་རིང་ལུགས་ཕྱོགས་ཡོངས་ནས་བཅོས་སྒྲིག་ནན་པོ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། གཞི་རིམ་འདི་ཉིད་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་རྒྱ་ལས་དངོས་སུ་གྲོལ་བར་བྱེད་པ། འགན་འཁྲི་འཁུར་ཕོད་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱས་ཚེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་པའི་ཁྲོད་དུ། རྒྱ་ཆེའི་གཞི་རིམ་གྱི་ལས་བྱེད་པར་རླབས་གཤག་གདོང་མཆོང་དང་བྱས་རྗེས་བསྐྱར་འཇོག་བྱེད་རྒྱུའི་བསྔགས་སྐུལ་ཐུབ་ངེས་རེད།