དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་9ཚེས་19ནས་21ཉིན་བར་པེ་ཅིང་དུ་2024ལོའི་པེ་ཅིང་གི་རིག་གནས་གླེང་སྟེགས་གཉེར་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-23

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་2024ལོའི་པེ་ཅིང་གི་རིག་གནས་གླེང་སྟེགས་དེ་ཟླ་9ཚེས་19ནས་21ཉིན་བར་པེ་ཅིང་དུ་གཉེར་རྒྱུ་རེད།

    2024ལོའི་པེ་ཅིང་གི་རིག་གནས་གླེང་སྟེགས་ཀྱིས“རྒྱུན་འཛིན་དང་། གསར་གཏོད། ཕན་ཚུན་དཔྱད་གཞིར་འཛིན་པ”རྟག་བརྟན་གྱི་བརྗོད་དོན་གཙོ་བོར་བྱེད་པ་དང་། “རིག་གནས་སྤེལ་རེས་གཏིང་ཟབ་ཀྱིས་ཐུན་མོང་ཡར་ཐོན་ཡོང་བར་བྱེད”ཅེས་པ་ལོ་འཁོར་གྱི་བརྗོད་དོན་གཙོ་བོར་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2023ལོའི་པེ་ཅིང་གི་རིག་གནས་གླེང་སྟེགས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་གཏིང་ཟབ་བསྟར་བ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་བཅས་ཀྱི་ལས་སྟེགས་ཤིག་གཏོད་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གླེང་སྟེགས་ཐོག་ཀྲུང་དབྱང་དང་ས་གནས་ཁག་གི་དྲིལ་བསྒྲགས་རིག་གནས་ཚན་པའི་འགན་འཁུར་བ་དང་། རྒྱལ་སྤྱིའི་སྲིད་ཕྱོགས་མི་སྣ་གལ་ཆེན། རིག་གནས་དང་ཚན་རྩལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྒྲིག་གཞིའི་འགན་འཁུར་བ། རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་། མཁས་དབང་། རྩོམ་པ་པོ། སྒྱུ་རྩལ་མཁས་ཅན། ལས་རིགས་ཀྱི་སྣེ་ཁྲིད་མི་སྣ་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་800ལྷག་ཙམ་གདན་འདྲེན་རྒྱུ་རེད། གླེང་སྟེགས་འཚོག་རིང་། པེ་ཅིང་སྒྱུ་རྩལ་ལྟེ་གནས་སུ་པེ་ཅིང་གི་རིག་གནས་མཚན་མོའི་རིག་རྩལ་འཁྲབ་སྟོན་དང་། རིག་གནས་ཐོན་ལས་མ་འཇོག་མཁན་གྱི་ཚོགས་ཆེན་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུའི་རིག་གནས་སྐད་ཆ་ཤོད་རེས་སོགས་ལེ་ལག་ཚང་བའི་བྱེད་སྒོ་སྤེལ་རྒྱུ་རེད། གླེང་སྟེགས་གཉེར་བའི་སྔ་རྗེས་སུ“ཁྲང་ཞི་ལས་པེ་ཅིང་ལ་ལྟ་བ”ཞེས་པའི་2024ལོའི་འགྲེམས་སྟོན་དུས་ཚིགས་དང་། “ང་དང་ཏི་ཐན”ཞེས་པའི་པེ་ཅིང་གི་དཔེ་དེབ་ཁྲོམ་ར་དང་། པེ་ཅིང་གི་ཟླ་བཅུ་པའི་རྩོམ་རིག་ཟླ་བ། གློག་བརྙན་རྩེ་གྲ་འགྲེམས་སྟོན། དམངས་ཕན་རིག་གནས་འཛད་སྤྱོད་དུས་ཚིགས་སོགས་སྣ་མང་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།