ཕྱི་འབྲེལ་པུའུ་ཡིས་བརྗོད་དོན།
ཀྲུང་ཝེའི་དུས་གཏན་མེ་འཁོར་གྱིས་རྒྱལ་ཁབ་གཉིས་དབར་ཟོག་འགྲེམས་སྐྱེལ་འདྲེན་གྱི་བགྲོད་ལམ་གསར་པ་བཏོད་ཡོད།
ཚེས་19ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་ཝེའི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་དུས་ཡུན་མངོན་གསལ་དོད་པོས་ཐུང་དུ་ཕྱིན་ཏེ་འགག་སྒོ་སྒྲོལ་བའི་ལས་ཕྱོད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། དུས་གཏན་མེ་འཁོར་དེ་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བའི་མགྱོགས་བགྲོད་འཁོར་ལམ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།
མའོ་ཉིང་གིས། 2017ལོའི་ཟླ་11པར་ཀྲུང་ཝེའི་དུས་གཏན་མེ་འཁོར་གཏོང་འགོ་ཚུགས་ཏེ་ཀྲུང་ཝེ་རྒྱལ་ཁབ་གཉིས་དབར་ཟོག་འགྲེམས་སྐྱེལ་འདྲེན་བགྲོད་ལམ་གསར་པ་ཞིག་འབྱེད་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་ཝེའི་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་དུས་ཡུན་མངོན་གསལ་དོད་པོས་ཐུང་དུ་ཕྱིན་པ་དང་། འགག་སྒོ་སྒྲོལ་བའི་ལས་ཕྱོད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། འགག་རྩའི་བྱེད་ནུས་རྒྱུན་མཐུད་ལེགས་སུ་ཕྱིན་པ། རྒྱལ་མཚམས་འཛུལ་སྒྲོལ་གྱི་དངོས་ཟོག་སྣ་ཁ་མངོན་གསལ་དོད་པོས་མང་དུ་ཕྱིན་པ་བཅས་བྱུང་ནས་དུས་གཏན་མེ་འཁོར་དེ་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བའི་མགྱོགས་བགྲོད་འཁོར་ལམ་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།