དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་། གྲོང་གསེབ་དར་རྒྱས་ལས་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-23

    འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཏང་ཨུད་དང་། གྲོང་རྡལ་སྲིད་གཞུང་གིས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་ཧུར་ཐག་བྱས་ནས་གྲོང་རྡལ་གྱི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་ལས་ཀའི་གཙོ་གནད་དང་། གྲོང་ཚོ་རིམ་པའི་ཡོང་འབབ་མང་དུ་གཏོང་བ་དང་ཞིང་པ་ཕྱུག་པོ་ཆགས་རྒྱུ་དམིགས་ཚད་དུ་བྱས་ཏེ་བསམ་ཕྱོགས་གསར་གཏོད་དང་། བྱ་ཐབས་སྣ་མང་སྤྱད་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་སྒྱུར་བཅོས་གསར་གཏོད་ཀྱི་བྱ་ཐབས་ཟམ་མི་ཆད་པར་བཏོན་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཡོང་བར་གསོན་ཤུགས་གསར་པ་དང་སྒུལ་ནུས་གསར་པ་བསྣན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཧུར་ཐག་བྱས་ཡོད།

    ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་ཚོ་ཁག་གིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དམིགས་པའི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ་ལོ་མཇུག་གི་དཔྱད་ཞིབ་ནང་བཅུག་ཅིང་། ཆུ་ཤུར་གྲོང་རྡལ་ཏང་ཨུད་ཀྱིས་དུས་བཀག་བཞིན་ཚོགས་འདུ་འཚོགས་ནས་ཞིབ་འཇུག་གིས་གྲོང་ཚོ་ཁག་གི་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་དང་། ཐབས་ཇུས་བགྲོ་གླེང་། བྱ་ཐབས་ཞིབ་ཕྲ་འདོན་པ་བཅས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཚད་འདེབས་དོ་དམ་གྱིས་ཟླ་རེར་འཆར་འགོད་དང་། གསར་འབྱེད། ལེགས་སྒྲིག་བཅས་བྱས་ཡོད། གྲོང་རྡལ་ཏང་ཨུད་ཀྱིས་འགོ་ཁྲིད་གཙོ་བོའི“གཅིག་གཏད་གཅིག”གི་གྲོང་ཚོ་འགན་ལེན་གྱི་མཛུབ་ཁྲིད་ལམ་ལུགས་ལག་ལེན་བསྟར་ནས་ཟླ་རེར་ལྟ་སྐུལ་མཛུབ་ཁྲིད་གཏིང་ཟབ་བྱས་ནས་ལས་སྒྲུབ་འགོར་བའི་རྣམ་གྲངས་ལ་དབྱེ་ཞིབ་ཞིབ་འཇུག་གིས་མཐུན་སྦྱོར་སྐུལ་འདེད་བཏང་བ་དང་། གོང་རིམ་ནས་གཞོགས་འདེགས་བྱེད་དགོས་རིགས་ལ་མཐུན་སྦྱོར་ཧུར་ཐག་བྱས་པ། དོན་འཁྱོལ་བྱེད་ཐབས་བྲལ་བའམ་ཡང་ན་ཕན་འབྲས་ཞན་པའི་རྣམ་གྲངས་འཕྲལ་ཐག་ཆོད་པོས་ལེགས་སྒྲིག་བྱས་ནས་ལས་ཀ་དོན་འཁྱོལ་ཡོང་བའི་འགན་ལེན་བྱས་ཏེ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་གང་ཐུབ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།