དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཤང་ཀང་ཅིན་ལི་ལའེ་ཚོགས་པའི“གཅེས་སྐྱོང་བྱ་སྤྱོད”བོད་དུ་སྤེལ་ནས་ལོ་བཅུ་འཁོར་བའི་དྲན་གསོའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-23

     ཚེས་21ཉིན་ཤང་ཀང་ཅིན་ལི་ལའེ་ཚོགས་པའི“གཅེས་སྐྱོང་བྱ་སྤྱོད”བོད་དུ་སྤེལ་ནས་ལོ་བཅུ་འཁོར་བའི་དྲན་གསོའི་བཞུགས་མོལ་ཚོགས་འདུ་རང་སྐྱོང་ལྗོངས་སྲིད་གྲོས་སུ་འཚོགས་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་དང་ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་ཝང་ཀང་གིས་ཤིས་ཚིག་བསྒྲོན་པ་རེད།

    ཚོགས་འདུའི་ཐོག ལོ་བཅུའི་རིང་ཤང་ཀང་ཅིན་ལི་ལའེ་ཚོགས་པས་སྔ་རྗེས་སུ་ཉིང་ཁྲི་གྲོང་ཁྱེར་དང་། མངའ་རིས་ས་ཁུལ། ལྷ་ས་གྲོང་ཁྱེར་སོགས་ཀྱི་དམངས་སྲིད་དང་སྲིད་གྲོས་ཁོངས་གཏོགས་དང་དེ་བཞིན་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་བཅའ་སྡོད་གྲོང་ཚོར་གྱོན་ཆས་ཁྲི་20ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོས་འབྲེལ་གཏུག་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་མཉམ་ལས་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས་དགེ་སྒྲུབ་སྤྱི་ཕན་ཡག་པོ་དང་ཏན་ཏིག་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད། ཚོགས་འདུ་འཚོག་ཡུལ་དུ་ཙུང་ཚའེ་ཙེང་ཀྲི་མིང་ལ་གཟི་བརྗིད་མཚན་སྙན་ལག་ཁྱེར་དང་བྱ་དགའི་རྟགས་མ་གནང་བ་རེད། རང་སྐྱོང་ལྗོངས་སྲིད་གྲོས་གཞུང་དོན་ཐིང་དང་ཅིན་ལི་ལའེ་ཚོགས་པའི་དབར་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཤང་ཀང་ཅིན་ལི་ལའེ་ཚོགས་པའི་ཀྲུའུ་ཞི་དང་སྲིད་འཛིན་ཙུང་ཚའེ་གཅིག་ལྕོགས་ཙེང་ཀྲི་མིང་དང་བཅས་པས་སྔར་རྒྱུན་བཞིན་བོད་ལ་སེམས་ཁུར་དང་དགའ་ཞེན་བྱས་ཏེ། ཅིན་ལི་ལའེ་ཡི“གཅེས་སྐྱོང་བྱ་སྤྱོད”ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ནས། མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ཚུན་ཆད་ལའང་གཅེས་སེམས་ཁྱབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་། ཚོགས་པས་ཞལ་འདེབས་དང་ལེན་བྱེད་མཁན་ཚན་པའི་འཐུས་མིར་ཞལ་འདེབས་ཀྱི་གསལ་ཐོ་སྤྲད་པ་རེད།

    ཚོགས་འདུ་གྲོལ་རྗེས་བོད་ལྗོངས་སྲིད་གྲོས་ཀྱི་ལོ་རྒྱུས་འགྲེམས་སྟོན་དང་ཡིག་གཟུགས་དང་རི་མོ་ཁང་ལ་ལྟ་སྐོར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།