དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་འོས་སྦྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-23

     ཟླ་8ཚེས་19ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཆབ་མདོ་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་དང་ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་གཉེར་འགན་ཁུར་བའི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པའི་རིག་གནས་ཡུལ་སྐོར་དང་ཚོང་འགུགས་ཀྱི་ཆེད་དོན་འོས་སྦྱོར་ཚོགས་འདུ་འཚོགས་པ་རེད། ཚོགས་འདུར་ལྗོངས་ཕྱི་ནང་གི་ཁེ་ལས་60ལྷག་ཙམ་དང་ཁེ་ལས་མཁས་ཅན་120ལྷག་ཙམ་དང་དེ་བཞིན་འབྲེལ་ཡོད་འགན་འཁུར་མི་སྣ་གདན་དྲངས་ཡོད་པ་རེད།

    འོས་སྦྱོར་ཚོགས་འདུའི་ཐོག་ཆབ་མདོའི་རྫོང་དང་ཆུས་བཅུ་གཅིག་གི་འཐུས་མི་ཚོས་རིམ་པ་བཞིན་གར་སྟེགས་ཐོག་བསྐྱོད་ནས། ས་གནས་དེ་གའི་ཡུལ་སྐོར་གྱི་ཁྱད་ལྡན་ལམ་ཐིག་དང་གཙོ་གནད་ཚོང་འགུགས་མ་འདྲེན་རྣམ་གྲངས་འོས་སྦྱོར་བྱས་ཏེ། ཆབ་མདོའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ལེགས་ཆ་དང་བཀྲག་མདངས་འཚེར་ས་མངོན་པར་བྱས་པ་རེད།

    ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུའི་ཐོག་ཞ་མོན་འཛུགས་སྐྲུན་འཕེལ་རྒྱས་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་ཚོགས་པ་ཚད་ཡོད་ཀུང་སི་དང་། མཛོ་སྒང་རྫོང་ཧུའེ་ཏིང་གསོལ་མགྲོན་ཁང་ཆེ་མོ། བོད་ལྗོངས་སྨར་ཁམས་རྫོང་ཡུན་ཧྥུའུ་ཆུ་གློག་ཚད་ཡོད་འགན་འཁྲི་ཀུང་སི། ཆབ་མདོ་མིང་ཧྲེང་གསོལ་མགྲོན་ཁང་། བོད་ལྗོངས་གོ་འཇོ་རྫོང་ཉི་ཤར་ཤར་ཕྱོགས་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སི། ཧྥུའུ་ཅན་ཞིང་ཆེན་གྲོང་ཁྱེར་དབར་གྱི་རིག་གནས་ཡུལ་སྐོར་ཚོགས་པ་སོགས་ཁེ་ལས་མང་པོ་ཞིག་གིས་ས་གནས་ས་ཐོག་ཏུ་རྣམ་གྲངས་ཁག་11ལ་གན་རྒྱ་བཞག་པར་མ་དངུལ་སྒོར་དུང་ཕྱུར་6.7གཏོང་རྒྱུའི་གྲོས་མཐུན་བྱུང་བ་རེད།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་བཟུང་ནས་བྱེད་ནུས་ཀྱི་ངེས་གནས་ལ་དམིགས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་དེ་ཐོན་ལས་གལ་ཆེན་ཞིག་ཏུ་བརྩིས་ནས་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཤིང་། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཇ་རྟའི་གཞུང་ལམ་རིག་གནས་ཡུལ་སྐོར་ཁུལ་གྱི་སྤྱི་ཡོངས་འཆར་འགོད་བཟོས་པ་དང་ཇ་རྟའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་པ་བཙུགས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཁྱབ་ཁོངས་ཡོངས་དང་། དུས་མཚམས་ཧྲིལ་པོ། གཞི་རྒྱུ་ཚང་མ་བཅས་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཆེན་པོ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།