དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧེང་ཆིན་འགག་སྒོ་གསར་པ་ལས་སྒོ་གཉེར་ནས་ལོ་བཞི་སོང་རིང་རིམ་རྩིས་བརྒྱབ་ན་འགག་སྒོ་སྒྲོལ་ཚད་མི་ཐེངས་ཁྲི་4800ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-22

    ཧེང་ཆིན་འགག་སྒོ་གསར་པའི་ཡུལ་སྐོར་ཞིབ་བཤེར་ས་ཁོངས་དེ་2020ལོའི་ཟླ་8ཚེས་18ཉིན་ལས་སྒོ་གཉེར་འགོ་ཚུགས་པ་ནས་ད་བར་ལོ་4འཁོར་ཡོད། ལོ་4ཡི་རིང་ཧེང་ཆིན་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་4800ལྷག་ཙམ་དང་རླངས་འཁོར་ཐེངས་ཁྲི་588ཟིན་ཏེ། ལོ་རེའི་ཆ་སྙོམས་འཕར་ཚད་62.2%དང་40.4%སོ་སོར་ཟིན་ཡོད།

    ཧེང་ཆིན་འགག་སྒོ་ནི་ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་གྱི་གཡོད་ཨའོ་ས་ཆ་གཉིས་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་གྱི་བགྲོད་ལམ་འབའ་ཞིག་དེ་ཡིན་ཞིང་། མཉམ་ལས་ཁུལ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་ཧེང་ཆིན་འགག་སྒོའི་ལག་རྩལ་དང་རྨང་གཞིའི་སྒྲིག་ཆས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག ཧེང་ཆིན་དང་ཨའོ་མོན་ས་ཆ་གཉིས་ཀྱི་མི་སྣ་འགྲོ་འོང་བྱེད་ཚད་ཀྱི་ཟིན་ཐོ་གསར་པ་ཟམ་མི་ཆད་པར་བཏོད་ཡོད། ཀྲུའུ་ཧའེ་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཧེང་ཆིན་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོ་ནས་བཟུང་། ཧེང་ཆིན་འགག་སྒོའི་ཉིན་རེའི་འགྲུལ་རྒྱུན་མང་ཤོས་སྐབས་མི་ཐེངས་ཁྲི་8.6ལྷག་ཙམ་ཟིན་པ་དང་རླངས་འཁོར་ཐེངས་7200ལྷག་ཙམ་ཟིན་པ་དེ་ཧེང་ཆིན་འགག་སྒོ་ཤར་གཏོང་བྱས་ཚུན་གྱི་ལོ་རྒྱུས་ཟིན་ཐོ་མཐོ་ཤོས་ཡིན་པ་དང་། ཉིན་རེའི་ཆ་སྙོམས་འགྲུལ་རྒྱུན་དང་འཁོར་རྒྱུན་ལོ་བཞིའི་གོང་གི་མི་ཐེངས་ཁྲི་2.5དང་རླངས་འཁོར་ཐེངས་2700ནས་མིག་སྔའི་མི་ཐེངས་ཁྲི་5.7དང་རླངས་འཁོར་ཐེངས་6000བར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།