དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི“རྒྱུད་གཅིག་ལམ་གཅིག”གི་གཞོན་ནུའི་གསར་གཏོད་དང་ཤུལ་བཞག་གླེང་སྟེགས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-22

    2024ལོའི“རྒྱུད་གཅིག་ལམ་གཅིག”གི་གཞོན་ནུའི་གསར་གཏོད་དང་ཤུལ་བཞག་གླེང་སྟེགས་ཀྱིས་ཉེ་ཆར་དྲ་ཐོག་ཏུ་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་ཀྲུང་གོ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེ་བཞིན་ཧུའུ་ནན་ཁྲང་ཧྲ་དང་ཅང་སུའུ་ནན་ཅིན་གྱི་གཞོན་ནུའི་འཐུས་མིས་ཚོགས་འདུར་སྐབས་རིམ་བྱུང་གི་གླེང་སྟེགས་དང་གཙོ་གཉེར་གྲོང་ཁྱེར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི“རྒྱུད་གཅིག་ལམ་གཅིག”གི་གཞོན་ནུའི་གསར་གཏོད་དང་ཤུལ་བཞག་གླེང་སྟེགས་ཟླ་9ཚེས་22ཉིན་ནས་ཚེས་28ཉིན་བར་སྔ་རྗེས་སུ་ཧྲང་ཁྲ་དང་ནན་ཅིན་དུ་འཚོག་རྒྱུ་རེད། གླེང་སྟེགས་ཀྱིས་ཟླ་8ཚེས་1ཉིན་གོ་ལ་ཧྲིལ་པོའི་གཞོན་ནུར་ཕྱོགས་ནས་ལས་དོན་སྤེལ་ཚུན་རྒྱལ་ཁབ་118ནས་ཡོང་བའི་གཞོན་ནུ་1300ཙམ་གྱིས་མིང་ཐོ་བཀོད་ནས་ཚོགས་འདུར་ཞུ་རྒྱུའི་རེ་བ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།