དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཟླ་བ་དང་པོ་ནས་བདུན་པའི་བར་ཕྱི་རྒྱལ་བ་མི་ཐེངས་ཁྲི་1700ལྷག་ཙམ་གྱིས་ཀྲུང་གོར་ཡུལ་སྐོར་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-22

    འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་འགག་སྒོ་ཁག་ནས་རྒྱལ་ཁོངས་སུ་འཛུལ་བའི་ཕྱི་རྒྱལ་བ་མི་ཐེངས་ཁྲི་1725.4ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་129.9%འཕར་ནས་ཕྱི་རྒྱལ་བ་དེ་བས་མང་པོ“ཀྲུང་གོར་ཡུལ་སྐོར་དུ་ཡོང་བའི་དཔུང་ཁག་ཆེན་པོའི”ནང་ཞུགས་ཡོད། ཚེས་19ཉིན་རྒྱལ་ཁབ་གནས་སྤོས་ཡུལ་མི་ཅུས་ཀྱིས་བསྡོམས་རྩིས་གྲངས་གཞི་གསར་ཤོས་ཁྱབ་བསྒྲགས་བྱས་པ་སྟེ། ཟླ་བ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་འགག་སྒོ་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་3.41ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་62.34%འཕར་བ་དང་། འགག་སྒོ་ཁག་གིས་འགག་སྒོའི་རྒྱལ་སྒྲོལ་ཐོངས་མཆན་འགོད་གྲངས་ཁྲི་84.6ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་182.9%འཕར་བ། ཀྲུང་གོར་ཡུལ་སྐོར་དུ་ཡོང་མཁན་ཕྱི་རྒྱལ་བས་འཛད་སྤྱོད་སྐུལ་ཁྲིད་བྱེད་ཚད་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་རྒྱུ་རེད།

    འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་པེ་ཅིང་གི་རྒྱལ་སའི་གནམ་ཐང་མཐའ་སྲུང་ཞིབ་བཤེར་ས་ཚིགས་སུ་འགྲོ་ལུགས་གཉེར་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།