ལྷ་སར་དབང་སྐྱོན་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་འཚོགས་པ།
ཟླ་8ཚེས་19དང་ཚེས་20ཉིན་བོད་ལྗོངས་ལྷ་སའི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་ལྷ་སའི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་འཚོགས་པ་རེད།
འདི་ནི་ཟླ་8ཚེས་19ཉིན་སྟོད་ལུང་བདེ་ཆེན་རྫོང་གི་འཐུས་མི་རུ་ཁག་གི་བདམས་ཐོན་པ་ཤེས་རབ(མདུན་གྱི་དཀྱིལ)ཀྱིས་སྨི་50ཡི་རྐུབ་སྟེགས་འཁོར་ལོ་ཅན་གྱི་མྱུར་ཚད་འགྲན་བསྡུར་ནང་ཞུགས་བཞིན་པ།
འདི་ནི་ཟླ་8ཚེས་19ཉིན་ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོ་སློབ་གྲྭའི་འཐུས་མི་རུ་ཁག་གི་བདམས་ཐོན་པ་བསོད་ནམས་ནོར་བུས(དཀྱིལ)གཉའ་ཐག་འཐེན་པའི་འགྲན་བསྡུར་ནང་ཞུགས་བཞིན་པ།