དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་རྟེན་གཞི་ཐོག་མ་དེ་འཁོར་རྒྱུག་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-22

    ཉེ་ཆར། ཀྲུང་ཁྲེ་ལྷོ་ཁའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གི་ཐོན་རྫས་ཐོན་སྐྱེད་ལེགས་གྲུབ་ཀྱིས་མཛད་སྒོ་གྲ་ནང་རྫོང་དུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་མ་ཧྲའོ་ཧྲུའེ་ཡིས“དེ་ཐོག་ནས་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་རྟེན་གཞི་དངོས་སུ་འཁོར་རྒྱུག་བྱས་ཏེ་བོད་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་འཁོར་འབྲེལ་གྱི་འཕེལ་རྒྱས་ལ་རྨང་གཞི་བཏིང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་བསྣན་ཡོད”ཅེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་ལས་གླིང་དེ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་མཛའ་གྲོགས་ལམ་དུ་གནས་པ་དང་ཀྲུང་གོ་ཀྲུང་ཁྲེ་མ་རྐང་ཚད་ཡོད་ཀུང་སིའི་མངའ་ཁོངས་ཀྱི་ལྟེ་བའི་ཡན་ལག་ཁེ་ལས་ཀྲུང་ཁྲེ་ཀྲུའུ་ཀྲོའུ་གློག་ཤུགས་མེ་འཁོར་ཨ་མ་ཞིབ་འཇུག་སུའོ་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པ་ཞིག་རེད། ཐོན་ལས་གླིང་གི་འཛུགས་སྐྲུན་དེ་དུས་ཐེངས་གསུམ་ལ་དབྱེ་རྩིས་ཡོད་པ་དང་། ཚང་མ་འཁོར་རྒྱུག་བྱས་རྗེས་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་རྒྱུ་རེད། ཐོན་ལས་གླིང་གིས་ཐོན་སྐྱེད་བྱས་པའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་དེ་དག་ནུས་རྒྱུ་དང་། འགྲིམ་འགྲུལ། ཆུ་བེད། ཆུའི་ལས་དོན། རྨང་གཞིའི་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་བཀོལ་སྤྱོད་རྒྱ་ཁྱབ་བྱེད་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།