“གནའ་བོའི་ཞང་ཞུང་། མཁའ་དབྱིངས་ཀྱི་མངའ་རིས”ཀྱི་དྲ་རྒྱའི་བརྙན་ཐུང་བརྩམས་ཆོས་འགྲན་བསྡུར་ཆེ་མོ་སྐབས་བཞི་པ་མཇུག་འགྲིལ་བ།
ཟླ་8ཚེས་20ཉིན་གྱི་སྔ་དྲོ། ཀྲུང་གུང་མངའ་རིས་ས་ཨུད་དྲ་འཕྲིན་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་སྨྱན་སྦྱོར་ཚོགས་པ་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བའི“གནའ་བོའི་ཞང་ཞུང་། མཁའ་དབྱིངས་ཀྱི་མངའ་རིས”ཀྱི་དྲ་རྒྱའི་བརྙན་ཐུང་བརྩམས་ཆོས་འགྲན་བསྡུར་ཆེ་མོ་སྐབས་བཞི་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་པར་རིས་འགྲེམས་སྟོན་མངའ་རིས་རྟེན་མཛོད་ཁང་དུ་འཚོགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་འདི་ལོའི་ཟླ་7པར་སྤེལ་འགོ་ཚུགས་པ་ནས་བཟུང་། ཁྱོན་བརྩམས་ཆོས1252འབྱོར་བར་བརྙན་ཐུང་བརྩམས་ཆོས་86དང་པར་རིས་1166ཡོད་པ་དང་། བྱེད་སྒོར་ཞུགས་མཁན་ཚོས་ཟུར་ཚད་མང་པོའི་ཐོག་ནས་མངའ་རིས་ཀྱི་ཐུན་མིན་མཛེས་ཉམས་མངོན་པར་བྱས་ཡོད། བོད་ལྗོངས་པར་རྒྱག་ལས་རིགས་དང་གློག་བརྙན་བརྙན་འཕྲིན་ལས་རིགས་ཀྱི་བསླབ་པ་རྒན་གྲས་ཀྱི་རིགས་གཅིག་མཁས་ཅན་ལས་གྲུབ་པའི་ཞིབ་དཔྱད་ཚོགས་པས་དྲང་གཞག་དང་། ཡོངས་བསྒྲགས། གཞུང་དྲང་བཅས་ཀྱི་རྩ་དོན་གཞིར་བཟུང་བརྩམས་ཆོས་དེ་དག་ལས་བྱ་དགའ་ཐོབ་པའི་བརྩམས་ཆོས་18དང་མིང་ཐོར་ཚུད་པའི་པར་རིས་བརྩམས་ཆོས་50ལེགས་འདེམས་བྱས་པ་རེད།
བྱ་དགའ་སྤྲོད་པའི་མཛད་སྒོ་མཇུག་འགྲིལ་རྗེས། མང་ཚོགས་ཀྱི་འཐུས་མི་དང་སྐུ་མགྲོན་ཚོས་མཉམ་དུ་པར་རིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།