དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་པེ་ཅིང་དུ་སྤེལ་རེས་སློབ་སྦྱོང་ལ་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-22

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ(ཁག་ཐེངས་བཞི་པ)པེ་ཅིང་དུ་ལྟ་སྐོར་དང་། སྤེལ་རེས། སློབ་སྦྱོང་བཅས་བྱེད་པར་བསྐྱོད་པའི་རྡོག་ཐོན་མཛད་སྒོ་ལྷ་སར་འཚོགས་པ་རེད།

    ད་རེས་བྱེད་སྒོ་དེ་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་སྣེ་ཁྲིད་སྒྲིག་འཛུགས་བྱས་པ་དང་། ས་ཁུལ་དང་གྲོང་ཁྱེར་ཁག་གི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་མི་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་70ལྷག་ཙམ་རྒྱལ་ས་པེ་ཅིང་དུ་ལྟ་སྐོར་དང་། སྤེལ་རེས། སློབ་སྦྱོང་ལ་བསྐྱོད་དེ། པེ་ཅིང་གི་ལོ་རྒྱུས་རིག་གནས་དང་། ཚན་རྩལ་གསར་གཏོད། འཕེལ་རྒྱས་གྲུབ་འབྲས་སོགས་ལ་རྒྱུས་ལོན་དང་སློབ་སྦྱོང་གཏིང་ཟབ་བྱས་ནས་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་ཉམས་སུ་མྱོང་རྒྱུ་རེད།

    “ངས་ད་རེས་རྒྱལ་ས་པེ་ཅིང་དུ་ལྟ་སྐོར་སློབ་སྦྱོང་ལ་འགྲོ་བའི་གོ་སྐབས་འདིར་གཅེས་འཛིན་ཆེན་པོ་བྱེད་ཀྱི་ཡོད། གཞི་རིམ་ལས་དོན་པ་ཞིག་ཡིན་པའི་ངས་གནད་དོན་མང་པོར་བསམ་བློ་བཏང་སྟེ་དོ་སྣང་མང་ཙམ་བྱེད་པ་དང་། སློབ་སྦྱོང་མང་ཙམ་བྱེད་པ། སྐད་ཆ་མང་ཙམ་འདྲི་བ་བཅས་བྱས་ནས། ཉམས་མྱོང་དང་བྱེད་སྟངས་བཟང་པོ་སྔར་ལས་མང་བ་ཧུར་ཐག་སྦྱོང་གི་ཡིན། སྡེ་ཁུལ་དུ་ལོག་རྗེས་ངས་དབྱེ་ཞིབ་ནན་ཏན་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ཁྲོད་དེ་བས་གསར་གཏོད་བྱེད་ཐུབ་པའི་བརྩོན་ལེན་བྱས་ནས་དཔེ་བཟང་གི་ནུས་པ་རྒྱུན་མཐུད་དེ་འདོན་གྱི་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་བརྟན་གཡང་སྐྱིད་ཀྱིས་རྡོག་ཐོན་མཛད་སྒོར་དེ་ལྟར་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།