ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་ནང་ཞུགས་ནས་ལོ་བཞི་བཅུ་འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་ཞིབ་བསྡུར་འཛིན་གྲྭར་ཞུགས་པའི་ཕྱི་ཕྱོགས་གྲོས་ཚོགས་ཀྱི་འགོ་ཁྲིད་པར་མཇལ་འཕྲད་གནང་བ།
ཟླ་8ཚེས་20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་ནང་ཞུགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་ཞིབ་བསྡུར་འཛིན་གྲྭ་ཐེངས་དྲུག་པར་ཞུགས་པའི་ཕྱི་ཕྱོགས་གྲོས་ཚོགས་ཀྱི་འགོ་ཁྲིད་པ་ཐུན་མོང་ལ་མཇལ་འཕྲད་གནང་བ།
ཟླ་8ཚེས་20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་ནང་ཞུགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་ཞིབ་བསྡུར་འཛིན་གྲྭ་ཐེངས་དྲུག་པར་ཞུགས་པའི་ཕྱི་ཕྱོགས་གྲོས་ཚོགས་ཀྱི་འགོ་ཁྲིད་པ་ཐུན་མོང་ལ་མཇལ་འཕྲད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་ནང་ཞུགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་ཞིབ་བསྡུར་འཛིན་གྲྭ་ཐེངས་དྲུག་པར་ཞུགས་པའི་ཕྱི་ཕྱོགས་གྲོས་ཚོགས་ཀྱི་འགོ་ཁྲིད་པ་ཐུན་མོང་ལ་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་གི་གྲོས་དཔོན་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་གྲོས་དཔོན་རྣམ་པ་གླིང་ཆེན་མི་འདྲ་བ་ནས་ཕེབས་པ་ཡིན་ནའང་། ང་ཚོ་ཚང་མ་ནི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཁོངས་མི་ཡིན། རྒྱལ་ཁབ་ཁག་གི་རྒྱལ་བབ་མི་འདྲ་བ་དང་ཆ་རྐྱེན་མི་འདྲ་བ་ཡོད་མོད། འོན་ཀྱང་ང་ཚོ་ཚང་མ་ནི་བློ་སེམས་གཅིག་མཐུན་གྱི་སྤུན་ཟླ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་རེད།
མིག་སྔར་འཛམ་གླིང་གི་གནས་བབ་ལ་འཕོ་འགྱུར་མགྱོགས་མྱུར་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས། ང་ཚོ་མཉམ་དུ་འཚོ་བ་སྐྱེལ་སའི་སའི་གོ་ལ་འདི་ཉིད་འཆམ་མཐུན་གྱི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་སྐྲུན་འདོད་ཡོད་ཅེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས་ཁྲིམས་འཛུགས་སྒྲིག་གཞིའི་དབར་གྱི་འགྲོ་འོང་ནི་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཁྲིམས་འཛུགས་སྒྲིག་གཞིར་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་ཀྱི་རྒྱལ་ཁབ་ཀྱི་འབྲེལ་བ་འཛུགས་པ་དང་། གཉིས་ཁེ་གཉིས་ཕན་གྱི་འཕེལ་རྒྱས་མཉམ་ལས་རྒྱ་ཆེར་གཏོང་བ། སྒོ་དབྱེ་བསྟུན་མཁས་ཀྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ། དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་དམིགས་བསལ་གྱི་ལེགས་སྐྱེས་འབུལ་རྒྱུའི་འགན་འཁྲི་ཡོད་ལ་ནུས་པའང་ལྡན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཁོངས་མི་ཡིན། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་པ་ནི་ཀྲུང་གོའི་ཕྱི་ཕྱོགས་འབྲེལ་བའི་གཡོ་འགུལ་གཏོང་མི་རུང་བའི་གཞི་རྩ་ཡིན། ཀྲུང་གོས་རང་སྲུང་གཙོར་བཞག་གི་དེང་རབས་ཅན་དོན་གཉེར་བྱེད་ཀྱི་མེད། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ་ཞི་བདེ་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་དེང་རབས་ཅན་ཡོང་བར་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་ཞི་བདེ་སྲུང་སྐྱོང་གི་སྲ་བརྟན་སྟོབས་ཤུགས་དང་། སྒོ་དབྱེ་འཕེལ་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་འཛུགས་སྐྲུན་སྟོབས་ཤུགས། ཤེས་དཔལ་དཔྱད་འཛིན་གྱི་སྐུལ་འདེད་སྟོབས་ཤུགས་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཞིང་། ཁོང་གིས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་སྟེ། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒུལ་ནུས་གསར་པ་བསྣན་རྒྱུ་དང་། རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཐུན་མོང་འཕེལ་རྒྱས་ཡོང་ཆེད་མདུན་ལམ་གསར་པ་གཏོད་རྒྱུ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་ཁྲིམས་འཛུགས་སྒྲིག་གཞི་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རང་རྒྱལ་གྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་ཐུན་མོང་ཐོག་འཚོལ་ཞིབ་བྱེད་འདོད་ཡོད་ཅེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོའི་བཅོས་སྐྱོང་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བས་རེད། དོན་དག་ཡོད་ཚེ་གྲོས་བསྡུར་བྱེད་པ་དང་དམངས་ཀྱི་དོན་དག་དམངས་ཀྱིས་གྲོས་བསྡུར་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་འདོད་བློ་དང་རེ་འདུན་གྱི་མཐུན་ཆ་ཆེ་ཤོས་འཚོལ་རྒྱུ་ནི་མི་དམངས་དམངས་གཙོའི་དོན་སྙིང་ཡིན། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་ལམ་ལུགས་ཀྱི་གོ་རིམ་ཆ་ཚང་པོ་ཡོད་ལ། ཐེ་ཞུགས་ཀྱི་ལག་ལེན་ཆ་ཚང་པོའང་ཡོད། དེ་ནི་རྒྱ་ཁྱབ་དང་། དོན་དངོས། གོ་ཆོད་པ་བཅས་ཡིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱལ་ཁབ་ཁག་དབར་གྱི་གྲོས་ཚོགས་མནའ་འབྲེལ་དང་སྤེལ་རེས་དང་མཉམ་ལས་ཟབ་ཏུ་གཏོང་བར་ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་རྒྱབ་སྐྱོར་བྱས་ཏེ། ཕན་ཚུན་གདམ་ག་བྱས་པའི་འཕེལ་རྒྱས་འགྲོ་ལམ་དང་ལམ་ལུགས་ཀྱི་རྣམ་པར་བརྩི་འཇོག་བྱས་པའི་རྨང་གཞིའི་ཐོག ཁྲིམས་འཛུགས་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་སྒྲུབ་པའི་ནུས་པ་མཉམ་དུ་ཆེ་རུ་བཏང་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་ཆེད། ཁྲིམས་སྐྱོང་གི་ཁོར་ཡུག་ཡག་པོ་གཏོད་རྒྱུ་དང་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་གཏོང་གི་ཡིན་ཞེས་བསྟན་གནང་བ་རེད།
རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་ཀྲུའུ་ཞི་དང་། ཐན་ཙན་ནི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཨ་ཁེ་སུང་། ན་སྨི་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཁ་ཅཱ་ཝུའེ་ཝུའེ། སུའུ་རི་ནམ་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་པེ་བཅས་ཀྱིས་ཕྱི་ཕྱོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་ཞིང་། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་དང་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དབར་ལ་ཡུན་རིང་མཛའ་གྲོགས་དང་མཉམ་ལས་དམ་ཟབ་བྱེད་མྱོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་གྲོས་ཚོགས་དབར་གྱི་མཐུན་སྒྲིལ་དང་། ཕན་ཚུན་ཡིད་ཆེས། མཛའ་གྲོགས་མཉམ་ལས་བཅས་ཟབ་ཏུ་གཏོང་བར་ཐོག་མཐའ་བར་གསུམ་དུ་གཞོལ་ནས། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱི་བྱ་གཞག་ཁག་འཕེལ་རྒྱས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་བྱེད་པའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོས་མི་གྲངས་དུང་ཕྱུར་ཁ་ཤས་དབུལ་ཕོངས་ལས་གྲོལ་བར་བྱས་པ་དང་འབྲེལ། སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་རླབས་པོ་ཆེའི་གྲུབ་འབྲས་ཀྱང་བཏོད་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་མིག་དཔེ་བསྟན་པ་དང་། ཡིད་ཆེས་ཆེ་རུ་བཏང་བ་མ་ཟད། གོ་སྐབས་གལ་ཆེན་ཡང་མཁོ་འདོན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དྲང་གཞག་དྲང་བདེན་གྱི་ལངས་ཕྱོགས་བཟུང་ནས་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་དར་སྤེལ་བཏང་སྟེ། འཛམ་གླིང་ཞི་བདེ་བརྟན་ལྷིང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བར། རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་གྱིས་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། ཕྱོགས་ཁག་གིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། སླད་ཕྱིན་ཀྲུང་གོ་དང་མཛའ་གྲོགས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་གཞོལ་བ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ། ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱེད་པ། ཕྱོགས་མང་རིང་ལུགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། མིའི་རིགས་ཀྱི་ཐུན་མོང་རིན་ཐང་བཏོད་པ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།