དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་གོའི་ཚན་རིག་མཁས་ཅན་རྒྱལ་སྤྱིའི་མཚོ་བོད་ས་མཐོའི་ཞིབ་འཇུག་གི་གདོང་དམག་ཏུ་གྱུར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-08-21

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གི་རུ་དཔོན་ཡའོ་ཐན་ཏུང་གིས་ལྷ་སར་2017ལོར་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་འགོ་བཙུགས་པ་ནས་བཟུང་། ཚན་རིག་རྟོག་ཞིབ་ཀྱི་བརྒྱུད་རིམ་ཁྲོད་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་དེ་འཛམ་གླིང་རིམ་པའི་གསར་གཏོད་གྲུབ་འབྲས་ཁག་གཅིག་ཐོབ་ནས། རང་རྒྱལ་གྱི་མཚོ་བོད་ས་མཐོའི་སའི་གོ་ལའི་མ་ལག་ཞིབ་འཇུག་རྒྱལ་སྤྱིའི་མཚོ་བོད་ས་མཐོའི་ཞིབ་འཇུག་གི་གདོང་དམག་ཏུ་འགྱུར་བར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།

    མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱས་ནས་ལོ་བདུན་རིང་། ཚན་རིག་རྟོག་ཞིབ་རུ་མི་ཚང་མས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་མཚོ་བོད་ས་མཐོའི་སའི་གོ་ལའི་མ་ལག་ཚན་རིག་གི་རྒྱལ་སྤྱིའི་ཞིབ་འཇུག་གི་མདུན་ཕྱོགས་ལ་དམིགས་ཏེ། ཚན་རིག་རྟོག་ཞིབ་རུ་ཁག་གི་རྒྱལ་ཁབ་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་སྒྲིག་གཞི་ཅན་གྱི་ལེགས་ཆ་གང་ལེགས་བཏོན་ནས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཁུལ་ཆེན་པོ་ལྔའི་ནང་གི་གཙོ་གནད་ཁུལ་19ལ་ཁྱབ་པའི་ཁུལ་ཡོངས་ལ་ཚན་རིག་རྟོག་ཞིབ་རྒྱུན་མཐུད་བྱས་ཡོད་པ་རེད།

    ཚན་རིག་རྟོག་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད། ཚན་རིག་རྟོག་ཞིབ་རུ་མིས་ས་བབ་མཐོ་ཚད་སྨི་8830ཡི་གནས་སུ་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས་ཐོག་མ་དེ་བཙུགས་ནས་རྒྱུན་མཐུད་འཁོར་སྐྱོད་བྱེད་པ་དང་། རྒྱལ་ནང་གིས་རང་ཚུགས་ཞིབ་འཇུག་བྱས་ནས་བཟོས་པའི་སྔོན་ཐོན་ཡོ་བྱད་ཐོག་མར་སྤྱད་དེ་ཇོ་མོ་གླང་མའི་ཁུལ་གྱི་ས་ངོས་ནས་བར་སྣང་སྤྱི་ལེ་39བར་གྱི་དྲི་ངན་དབྱང་རླུང་གི་གར་ཚད་དང་། དྲོད་ཚད། གཤེར་ཚད། རླུང་གི་མྱུར་ཚད་དང་རླུང་ཕྱོགས་ཀྱི་ཐད་དཔྱང་འགྱུར་ལྡོག་བཅས་ཤེས་རྟོགས་ཐུབ་པ། མཁའ་ལྡིང་ལྒང་གྲུ་ཐོག་མར་སྤྱད་དེ་སྨི་9050ཡི་འཛམ་གླིང་ས་བབ་མཐོ་ཤོས་ཀྱི་ཁོར་ཡུག་གཙོ་རྒྱུའི་ཕྱོགས་བསྡུས་ལྟ་དཔྱད་ཚད་འཇལ་གྱི་ཟིན་ཐོ་བཏོད་པ་སོགས་ཚན་རིག་རྟོག་ཞིབ་ཀྱི་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།