དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་གཏེར་རྫས་གསར་པ་གཉིས་རྙེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-21

    ཚེས་18ཉིན་གསར་འགོད་པར་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཚན་ཞིབ་མི་སྣས་ཤེས་རྟོགས་བྱུང་ནས་མིང་བཏགས་པ་དང་ཡིག་ཐོག་སྙན་ཞུ་ཕུལ་བའི་གཏེར་རྫས་གསར་པ“ཧྥུལ་ཐཱན་ཀལ་ནེ་གཏེར་ཁ”དང“ཅུས་ཤིན་ཟངས་གཏེར”ལ་ཉེ་ཆར་རྒྱལ་སྤྱིའི་གཏེར་རྫས་རིག་པའི་མཐུན་ཚོགས་ཀྱིས་གཏེར་རྫས་གསར་པའི་མིང་བཏགས་པ་དང་རིགས་དབྱེ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་ནས་གྲོས་འཆམ་བྱུང་བ་རེད།

    ཧྥུལ་ཐཱན་ཀལ་ནེ་གཏེར་ཁ་ནི་རྒྱལ་ཁབ་ས་གཤིས་ཚོད་ལྟ་ཚོད་ལེན་ལྟེ་གནས་ཀྱི་ཞིབ་འཇུག་པ་ཧྥན་ཁྲེན་ཙིས་ཀྲུང་གོ་ས་གཤིས་ཚན་རིག་ཁང་གཏེར་རྫས་ཐོན་ཁུངས་ཞིབ་འཇུག་སུའོ་དང་ཀྲུང་ནན་སློབ་ཆེན་སོགས་ཚན་པའི་ཚན་ཞིབ་མི་སྣ་དང་མཉམ་འབྲེལ་གྱིས་ནང་སོག་པའེ་ཡུན་ཨོ་པོ་གཏེར་ཁུལ་ནས་རྙེད་པ་རེད།

    ཅུས་ཤིན་ཟངས་གཏེར་ནི་ཀྲུང་གོ་ས་གཤིས་ཚན་རིག་ཁང་གཏེར་རྫས་ཐོན་ཁུངས་ཞིབ་འཇུག་སུའོ་ཡི་ལས་རོགས་ཞིབ་འཇུག་པ་ཀུའུ་ཧྥེང་ཧྭ་དང་ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང)གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཀྲང་ཡུང་མའེ་སོགས་ཀྱིས་བོད་ལྗོངས་རྒྱ་མ་ཟངས་མང་ལྕགས་རིགས་སྣ་མང་གཏེར་གཞི་ནས་རྙེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།