དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རི་གྲོང་གི་བདེ་ཐང་སྲུང་སྐྱོང་བར་གུས་འདུད་ཞུ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-21

    ཟླ་8ཚེས་19ཉིན་ནི་ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་བདུན་པ་ཡིན། མང་ཚོགས་དེ་བས་མང་བས་སྒོ་རྩ་ནས་སྨན་བཅོས་བྱེད་ཐུབ་རྒྱུ་ནི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཡིན། གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། རང་རྒྱལ་ལ་གཞི་རིམ་འཕྲོད་བསྟེན་བདེ་ཐང་ལས་དོན་པ་ཁྲི་495ཡོད་པའི་ནང་གྲོང་གསེབ་ཀྱི་སྨན་པ་ཁྲི་110ཡོད་པ་དེ་དག་གིས་བདེ་ཐང་སྲུང་སྐྱོང་བའི”ནུས་པ་གལ་ཆེན་འདོན་གྱི་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། གསར་འགོད་པས་གཞི་རིམ་དུ་བཅར་འདྲི་བྱེད་སྐབས། པར་ཆས་ལ་བརྟེན་ནས་གྲོང་གསེབ་སྨན་པ་100ལྷག་གིས་གཞི་རིམ་ལ་གཞི་ཚུགས་ཤིང་རི་ཁུལ་ནས་ཕར་འགྲོ་ཚུར་འོང་བྱས་ཏེ་གྲོང་གསེབ་ཀྱི་ས་གཞི་ཆེན་པོ་གོམ་པས་གཞལ་བའི་གཏམ་རྒྱུད་ཟིན་བྲིས་སུ་བཏབ་ཡོད་པ་རེད།

    གྲོང་གསེབ་སྨན་པ་འདི་དག་ནི“40ནང་སྐྱེས”ནས“00ནང་སྐྱེས”ཡིན་ལ། ཁོང་ཚོས་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་སྒྲུབ་པ་དང་ཆབས་ཅིག་བདེ་ཐང་བློ་འདྲི་དང་དེ་བཞིན་སྲིད་ཇུས་དྲིལ་བསྒྲགས་ཀྱི་ལས་དོན་ཡང་ཧུར་ཐག་སྤེལ་གྱི་ཡོད་པ་རེད།

    འདི་ནི་ཀོང་ཤིས་ནཱ་ཕོ་རྫོང་ཕིང་མེང་གྲོང་རྡལ་ནུང་ཐང་གྲོང་ཚོའི་གྲོང་གསེབ་སྨན་པ་ཀྲའོ་ཅན་ཧྭ(གཡོན་གྱི་གཉིས་པ)དང་ཀྲའོ་ཀང(གཡས་ཀྱི་དང་པོ)གིས་གྲོང་མི་ཞིག་ལ་ཁྲག་ཤེད་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།