དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉ་འཛིན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-21

    ཟླ་8ཚེས་16ཉིན། དབྱར་དུས་ཀྱི་ཉ་རྒྱ་བསྡམས་པའི་དུས་ཚད་ཐིམ་པ་དང་བསྟུན་ནས་2024ལོའི་བྱང་རྒྱུད་མཚོ་ཁུག་གི་མཚོ་སྐྱོད་དུས་ཆེན་གྱི་མཛད་སྒོ་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཧྥང་ཁྲེན་ཀང་གྲོང་ཁྱེར་ཀང་ཁོའུ་ཆུས་ཆི་ཧྲ་གྲོང་རྡལ་གྱི་མཚོ་སྐྱོད་དུས་ཆེན་ཐང་ཆེན་དུ་གཉེར་བ་རེད། ཉིན་གུང་གི་ཆུ་ཚོད་12སྐབས་ཆི་ཧྲ་ཉ་འཛིན་གྲུ་ཁར་དུང་བརྡ་གྲགས་པ་དང་ཆབས་ཅིག གྲུ་གཟིངས་མང་པོ་རྒྱ་མཚོར་བསྐྱོད་པ་རེད།

    ཉེ་བའི་ལོ་ཤས་རིང་། བྱང་རྒྱུད་མཚོ་ཁུག་གི་མཚོ་སྐྱོད་དུས་ཆེན་གྲུབ་འབྲས་ཐོབ་པའི་ངང་སྐབས་མང་པོ་གཉེར་ནས་སྤུས་རྟགས་བཏོད་དེ། ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་ནུས་པ་བཟང་པོ་ཐོན་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་ནུས་ལྡན་འཕེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།