དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་དང་པོ་ནས་བདུན་པའི་བར་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུས་མཚུངས་ལས་23%འཕར་བ།

    མཚན་མོའི་སྦྲག་ཐོག་བསྐུར་རྒྱ་གྲོང་ཁྱེར་300ཙམ་བར་མང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-21

    གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་7པར་སྦྲག་སྲིད་ལས་རིགས་ཀྱི་སྦྲག་ཐོག་བསྐུར་བྱའི་ལས་སྒོའི་གྲངས་འབོར་དུང་ཕྱུར་158.0ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་20.1%འཕར་བའི་ནང་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར་142.6ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་22.2%འཕར་ཡོད། སྦྲག་སྲིད་ལས་རིགས་ཀྱི་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་1334.4ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་11.7%འཕར་བའི་ནང་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་1107.7ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་14.1%འཕར་ཡོད།

    “ཟླ་7པར་མྱུར་སྐྱེལ་ལས་སྒོ་ནས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་ཡག་པོ་མངོན་པ་དང་། རིག་ནུས་སྒྲིག་ཆས་སྤྱོད་མགྱོགས་སུ་ཕྱིན་པ། རྒྱལ་སྒྲོལ་ཞབས་ཞུ་མུ་མཐུད་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་ཕན་ནུས་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད”རྒྱལ་ཁབ་སྦྲག་སྲིད་ཅུས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཐོན་ལས་དཔལ་འབྱོར་ཞིབ་འཇུག་པུའི་ཀྲུའུ་རེན་ཝང་གཡོད་ཧན་གྱིས། ཟླ་དང་པོ་ནས་བདུན་པའི་བར། སྦྲག་སྲིད་ལས་རིགས་ཀྱི་སྦྲག་ཐོག་བསྐུར་བྱའི་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར་1052.3ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་20.4%འཕར་ཡོད། དེའི་ནང་མྱུར་སྐྱེལ་ལས་སྒོ་རིམ་རྩིས་བྱས་ན་དུང་ཕྱུར་944.2ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་23%འཕར་ཡོད་ཅེས་བཤད།

    འདི་ལོ་ནས་བཟུང་། མྱུར་སྐྱེལ་ཁེ་ལས་ཀྱིས་མི་མེད་སྒྲིག་ཆས་ཧུར་ཐག་སྤྱད་དེ་མི་མེད་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། མི་མེད་རླངས་འཁོར་སྤྱོད་པའི་ཐད་མྱུར་སྐྱེལ་ཁེ་ལས་ལ་ས་ཆ་མང་པོ་ཞིག་ཏུ་མི་མེད་རླངས་འཁོར་གཏོང་ཆོག་པའི་ཆོག་མཆན་ཐོབ་ནས་མི་མེད་རླངས་འཁོར་གྱི་སྐྱེལ་འདྲེན་ལམ་ཐིག་འཐུས་སྒོ་ཚང་དུ་བཏང་བ། མི་མེད་གནམ་གྲུ་སྤྱོད་པའི་ཐད་དམའ་དབྱིངས་བེད་སྤྱོད་ཀྱི་རྣམ་པ་མུ་མཐུད་རྒྱ་ཆེར་གཏོང་བ་དང་མི་མེད་གནམ་གྲུ་ཞིང་ཆེན་ལས་བརྒལ་བའི་སྐྱེལ་འདྲེན་ལམ་ཐིག་མང་པོ་ཤར་གཏོང་བྱས་ནས་ཞབས་ཞུའི་ཕན་ནུས་ཆེ་རུ་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།