དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐན་ཙན་ནི་ཡའི“ཕྱི་རྒྱལ་བ་ལེ་ཧྥུང”གིས་ཝུའུ་ཧན་ལ་བཅངས་པའི་བརྩེ་སེམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-21

    འདི་ནི་ཨ་པུའུ་ཡིས(གཡས)དང་བླངས་པ་དང་མཉམ་དུ་ཁོང་ཚོའི་དཔེ་ཁུག་སྟོན་བཞིན་པ།

    འདི་ནི་ཨ་པུའུ་ཡིས(དཀྱིལ)སྨན་ཁང་གི་དང་བླངས་བྱེད་སྒོའི་ཁྲོད་གྲོགས་པོ་ཆུང་ཆུང་དང་སྤེལ་རེས་བྱེད་བཞིན་པ།

    འདི་ནི་ཨ་པུའུ་ཡིས(མདུན་གྱི་གཡོན)དང་བླངས་བྱེད་སྒོའི་ཁྲོད་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་ཐག་པ་འཐེན་བཞིན་པ།

    འདི་ནི་ཨ་པུའུ(གཡས་ཀྱི་དང་པོ)འོས་འགན་ཚོང་གཉེར་བྱེད་སྒོར་ཞུགས་བཞིན་པ།

    འདི་ནི་ཨ་པུའུ་ཡིས(གཡོན)ས་འོག་ལྕགས་ལམ་བབས་ཚུགས་སུ་འགྲུལ་པར་རོགས་པ་བྱེད་བཞིན་པ།

    ཐན་ཙན་ནི་ཡ་ནས་ཡིན་པའི་ཨ་པུའུ་ནི་ཝུའུ་ཧན་གྲོང་ཁྱེར་ཧྭ་ཀྲུང་དགེ་འོས་སློབ་ཆེན་གྱི་འབུམ་རམས་པའི་ཕྱི་སྦྱོང་སློབ་མ་ཡིན་ཞིང་། སློབ་གསེང་དུ་ཁོང་ནི་སློབ་གྲྭའི“ཕྱི་རྒྱལ་བ་ལེ་ཧྥུང”དང་བླངས་ཞབས་ཞུའི་རུ་ཁག་གི་རུ་དཔོན་ཡིན་པ་རེད། ཁོང་ཚོས་ལུས་ལ་སྟོད་ཀོར་དམར་པོ་གྱོན་ནས་སྡེ་ཁུལ་དང་། སློབ་གྲྭ རླངས་འཁོར་བབས་ཚུགས། སྨན་ཁང་སོགས་སུ་ཞབས་འདེགས་ཞུ་བར་སྐྱོད་པ་མ་ཟད། ལུས་རྩལ་འགྲན་བསྡུར་ཆེ་གྲས་ཁྲོད་དང་བླངས་ཞབས་ཞུ་ཡང་བྱེད་ཀྱི་ཡོད།

    ཨ་པུའུ་ཐན་ཙན་ནི་ཡར་སློབ་ཆེན་འགྲིམ་སྐབས་ཀྲུང་གོའི་རིག་གནས་ལ་ཧ་ཅང་དགའ་པོ་བྱུང་ཡོད། 2017ལོར། ས་གནས་དེ་གའི་ཁུང་ཙི་སློབ་གླིང་གི་དགེ་རྒན་ཞིག་གི་ལྕག་སྐུལ་འོག་ཁོང་ཧྭ་ཀྲུང་དགེ་འོས་སློབ་ཆེན་དུ་རྒྱ་ཡིག་སྦྱོང་བར་ཡོང་བ་རེད། ཝུའུ་ཧན་དུ་ཐོག་མར་འབྱོར་ཐོ་འགོད་སྐབས“ཕྱི་རྒྱལ་བ་ལེ་ཧྥུང”གི་དང་བླངས་པའི་རོགས་རམ་འོག་སློབ་ཞུགས་འགྲོ་ལུགས་བདེ་བླག་ངང་གཉེར་ཐུབ་པ་བྱུང་ཡོད། ཨ་པུའུ་ཡིས“དང་བླངས་པ་ཚོས་རང་ཉིད་ལ་རོགས་པ་ཡག་པོ་བྱས་བྱུང་བས་ངས་ཀྱང་ཁོང་ཚོའི་ཚོགས་པར་ཞུགས་ནས་མི་དེ་བས་མང་བར་རོགས་རམ་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།

    ཝུའུ་ཧན་དུ་འཚོ་བ་བསྐྱལ་རིང་གི་ལོ་བདུན་ནང་ཨ་པུའུ་དང་གྲོང་ཁྱེར་དེའི་དབར་བརྩེ་དུང་ཟབ་མོ་ཆགས་པ་མ་ཟད། ཝུའུ་ཧན་ཕ་ཡུལ་གཉིས་པར་བརྩི་གི་ཡོད། འབྱུང་འགྱུར་སྐོར་བརྗོད་སྐབས་ཨ་པུའུ་ཡིས“ང་སློབ་གྲྭ་ཐོན་རྗེས་ཝུའུ་ཧན་དུ་སྡོད་ཐུབ་པའི་རེ་བ་ཡོད། གལ་སྲིད་སྡོད་མ་ཐུབ་ཚེ་ང་ཐན་ཙན་ནི་ཡར་ལོག་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། སློབ་གྲྭ་མ་ཐོན་གོང་ཨ་པུའུ་ཡིས་ཁོང་གི་རུ་ཁག་དང་མཉམ་དུ་དགོས་མཁོ་ཡོད་པའི་མི་དེ་བས་མང་བར་མཛའ་གྲོགས་དང་དགེ་སེམས་མུ་མཐུད་བརྒྱུད་སྤྲོད་བྱེད་ཀྱི་ཡིན་ལུགས་བཤད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།