དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོར།

    “གྲོང་ཚོ་རེར་བཅའ་ཁྲིམས་བློ་འདྲི་བ་རེ་ཡོད་པའི”གན་འཇོག་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-21

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོར“གྲོང་ཚོ་རེར་བཅའ་ཁྲིམས་བློ་འདྲི་བ་རེ་ཡོད་པའི”གན་འཇོག་མཛད་སྒོ་འཚོགས་པ་རེད།

    གྲོང་ཚོར་བཅའ་ཁྲིམས་བློ་འདྲི་བ་བཅའ་སྡོད་བྱེད་པ་དེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་། གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་སེལ་བ། མང་ཚོགས་ཀྱི་བཅའ་ཁྲིམས་དགོས་མཁོ་སྐོང་བ་བཅས་ཀྱི་འགག་རྩའི་བྱ་ཐབས་ཤིག་རེད། བཅའ་ཁྲིམས་བློ་འདྲི་བས་རྣམ་པ་སྣ་ཚོགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་དེ་བཞིན་ཆེད་ལས་ཀྱི་བཅའ་ཁྲིམས་ཞབས་ཞུ་བརྒྱུད། མང་ཚོགས་ཀྱིས་སྤུས་ལེགས་ཀྱི་བཅའ་ཁྲིམས་ཞབས་ཞུ་ལོངས་སུ་སྤྱོད་པའི་ཁྲོད་མང་ཚོགས་ཀྱི་ཁྲིམས་སྐྱོང་བསམ་བློ་རིམ་བཞིན་སྐྱེད་སྲིང་བྱེད་པ་དང་། བཅའ་ཁྲིམས་སྦྱོང་བ་དང་། བཅའ་ཁྲིམས་ཤེས་པ། བཅའ་ཁྲིམས་རྟོགས་པ། བཅའ་ཁྲིམས་སྲུང་བ། བཅའ་ཁྲིམས་སྤྱོད་པ་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས། མང་ཚོགས་ཀྱིས་ཁྲིམས་མཐུན་གྱི་ཐབས་ལམ་བརྒྱུད་རང་ངོས་ཀྱི་ཁེ་ཕན་རེ་ཞུ་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། གཞི་རིམ་གྱི་རྩོད་གཞི་འབྱུང་རྩ་ནས་སེལ་བར་སྐུལ་འདེད་གཏོང་བ། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་འགལ་ཟླ་དང་མངོན་མེད་རྐྱེན་ངན་སྔོན་འགོག་དང་ཉུང་དུ་གཏོང་བ་བཅས་བྱས་ཏེ། གཞི་རིམ་ཁྲིམས་བཞིན་བཅོས་སྐྱོང་བྱེད་པའི་ནུས་པ་རིམ་བཞིན་ཆེ་རུ་གཏོང་རྒྱུ་རེད།

    གྲོང་ཚོ་དང་གྲོང་ལྷན་གྱི་བཅའ་ཁྲིམས་བློ་འདྲི་བའི་གན་རྒྱ་འཇོག་པའི་ལས་དོན་གྱིས་གན་བཞག་ཁྲིམས་རྩོད་པ་དང་གྲོང་ཚོ་ཨུ་ལྷན་དབར་གྱི་འབྲེལ་གཏུག་སྤེལ་རེས་ཟབ་ཏུ་བཏང་བ་མ་ཟད། གན་བཞག་ཁྲིམས་རྩོད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱང་ཆེ་རུ་བཏང་ཡོད། གན་བཞག་ཁྲིམས་རྩོད་པས་སླད་ཕྱིན་ནུས་ཤུགས་ཡོད་རྒུས་གྲོང་ཚོ་ཨུ་ལྷན་དང་གྲོང་མིར(ཡུལ་མི)“བཅའ་ཁྲིམས་ཞབས་འདེགས་གནད་སྨིན”ཞུས་ནས། མང་ཚོགས་ལ་བཅའ་ཁྲིམས་ཤེས་པ་དང་། བཅའ་ཁྲིམས་སྲུང་བ། ཁྲིམས་ལྟར་བྱ་བ་སྒྲུབ་པ་བཅས་ཀྱི་གོམས་གཤིས་བཟང་པོ་འཇགས་པར་རམ་འདེགས་བྱས་ཏེ། གཞི་རིམ་གྱི་བཅའ་ཁྲིམས་ཞབས་འདེགས་ལ་མང་ཚོགས་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།