དབུ་དཀར་སྟོབས་ཤུགས་གཅིག་ཏུ་འགྲིལ། ཏང་འཛུགས་གསོན་ཤུགས་འཕེལ་བར་བྱས།
—— མལ་གྲོ་གུང་དཀར་རྫོང་གིས་ཐབས་མང་སྤྱད་དེ་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་བ།
ཉེ་ཆར་མལ་གྲོ་གུང་དཀར་རྫོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་དང་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ནས“བདུན་གཅིག”ཏང་དབུ་བརྙེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་ཚོས་ཏང་དར་འོག་ཏང་ཞུགས་དམ་བཅའ་བསྐྱརདུ་བཞག་ནས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་གྲུབ་འབྲས་ཆེན་པོར་ཕྱིར་དྲན་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་འབྲངས་བ་བཅས་ཀྱི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་བཏང་བ་དང་ཏང་ཡོན་རྒན་གྲས་ཀྱི་གཏོགས་སེམས་དང་། གཟི་བརྗིད་ཚོར་སེམས། འགན་སེམས་བཅས་ཆེ་རུ་བཏང་བ་རེད།
“མཁར་རྫོང་དམར་པོ”སྟོབས་ཆེར་བཏང་ནས་ནུས་ཤུགས་གཅིག་ཏུ་འགྲིལ་བ།
མལ་གྲོ་གུང་དཀར་རྫོང་གིས“ཡོད་པ་དྲུག”གི་ཚད་གཞི་འཛུགས་སྐྱོང་ལ་དོ་སྣང་ཆེན་པོ་བྱས་ཏེ། “མཁར་རྫོང་དམར་པོ”སྟོབས་ཆེར་བཏང་ནས་ནུས་པ་གཅིག་ཏུ་འགྲིལ་ཡོད།
《དུས་རབས་གསར་པའི་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཀྲམ་སྟེ་ཞིབ་ཕྲའི་བྱ་ཐབས་ཚགས་དམ་དུ་བཏང་བ་དང་གཞི་རྟེན་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་གཏོད་པ་དང་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་གྱི་ཞབས་འདེགས་དོ་དམ་དང་ནུས་པ་འདོན་སྤེལ་ལ་སྤྱི་འདོམས་དམ་འཛིན་བྱས་པ་རེད།
ཀྲི་པུའུ་ཚན་ཁག་གི་དཔུང་ཁག་དང་། ཏང་དོན་ལས་དོན་པའི་དཔུང་ཁག ཏང་ཡོན་དཔུང་ཁག་བཅས་འཛུགས་སྐྱོང་ལ་དམིགས་ནས་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་ལེགས་འདེམས་བྱས་ཏེ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་འཁུར་དུ་བཅུག་པ་དང་ཚན་ཁག་གི་ཁོངས་མི་ཧྲག་འདེམས་བྱས་པ་དང་། ཏང་འཛུགས་སྐྱོང་གི་ཆེད་བསྐོས་ལས་བྱེད་པ་དང་ཏང་དོན་ལས་དོན་པ་ཆ་སྒྲིག་བྱེད་པ་དེ་ཏང་དོན་ལས་དོན་པའི་གསོ་སྦྱོང་འཆར་གཞིར་བཅུག་པ། ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་གྱི“རེའུ་མིག་གཅིག་དང་གཙང་བཤེར་གསུམ”གྱི་ལས་དོན་རྒྱུན་དུ་སྤེལ་བ་དང“གཟི་བརྗིད་ངང་ཏང་ལ་ཞུགས་ནས་ལོ་50སོང་བའི”དྲན་གསོའི་རྟགས་མ་སྤྲད་དེ་ཆབ་སྲིད་ཀྱི“གཟི་བརྗིད་ཚོར་སེམས”ཆེ་རུ་བཏང་ཡོད།
ལས་དོན་འགྲོ་གྲོན་སྒོར་ཁྲི་37བསྡུ་སྒྲིལ་བྱས་ནས་བྱེད་སྒོའི་ལྟེ་གནས་སྒྱུར་བཀོད་བྱེད་པ་དང་། བྱེད་ནུས་བཀོད་ཇུས་ལེགས་སུ་གཏོང་བ། གཏོར་སྐྱོན་ཤོར་བའི་གྱང་ངོས་ཉམས་བཟོ་བྱེད་པ་དང་དགོས་མཁོ་ཆེ་བའི་སྒྲིག་ཆས་ཁ་སྣོན་བཅས་བྱས་ཏེ། སྒྲིག་བཀོད་དེ་བས་འཐུས་སྒོ་ཚང་བ་དང་། ཁོར་ཡུག་དེ་བས་སྐྱིད་སྣང་དོད་པ། བྱེད་ནུས་དེ་བས་ཆ་ཚང་བ་བཅས་ཀྱི་བྱེད་སྒོ་སྤེལ་ཡུལ་བཏོད་ཡོད།
“བློ་སྒྲིལ་སེམས་སྐྱེད”ལ་དམ་འཛིན་ནན་པོ་བྱས་ནས་རྨང་གཞི་བརྟན་དུ་བཏང་བ།
མལ་གྲོ་གུང་དཀར་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པའི་ཏང་ཀྲི་པུའི་བྱེད་སྒོར“ཏང་གཤིས་སློབ་གསོ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁྲིམས་སྐྱོང་སློབ་གསོ”བཅས་སྤེལ་བ་དང་། “གཅིག་སྡུད་ལྷིང་འཇགས་སློབ་སྦྱོང་དང་དྲ་ཐོག་ཟུར་ཁྲིད་སློབ་སྦྱོང”ཟུང་དུ་འབྲེལ་བ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་སྤྱད་དེ་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་ཐེངས་12འཚོགས་ཡོད། ཀྲི་པུའི་ཏང་ཡོན་དང་ལས་ཐོག་ཏང་ཡོན་གྱིས་འགྲོ་སྐྱོད་སྟབས་བདེ་མེད་པ་དང་ལྗོངས་ཕྱིར་སྡོད་པ་སོགས་ཀྱི་ལས་འཁྱུར་ལས་བྱེད་པར་དཔེ་དེབ་སྐུར་བའམ་སྐད་འཕྲིན་ནས་སློབ་སྦྱོང་གི་ནང་དོན་སྐུར་བ་སོགས་ཐབས་ལམ་མང་པོ་ནས་སློབ་སྦྱོང་བྱེད་དུ་བཅུག་པ་རེད།
གཞི་རྟེན་གསར་གཏོད་བྱས་ནས་སློབ་སྦྱོང་བྱེད་སྟངས་མང་དུ་བཏང་ཞིང་། “ཏང་རྩ་འཛུགས་ཀྱི་ཆ་སྒྲིག་མཉམ་སྐྲུན”བྱ་སྤྱོད་ལག་བསྟར་གོ་སྐབས་སུ་བྱས་ཏེ། “1+N”ཡི་རྩ་འཛུགས་མཉམ་སྐྲུན་མཉམ་འབྲེལ་རྣམ་པར་སྐུལ་འདེད་གཏོང་བ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས་སྔ་རྗེས་སུ་རྫོང་ཨུད་རྩ་འཛུགས་པུའུ་ལས་ཁུངས་ཀྱི་ཏང་ཀྲི་པུའུ་དང་། རྫོང་ཨུད་ཏང་གི་སློབ་གྲྭའི་ཏང་ཀྲི་པུའུ། མཉམ་འབྲེལ་གྲོང་ཚོའི་ཏང་ཀྲི་པུའུ་བཅས་དང་མཉམ་འབྲེལ་བྱས་ཏེ། ལས་ཁུངས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་སྲིད་ཇུས་སྒྲོག་འགྲེལ་དང་། རོགས་སྐྱོར་འཚམས་འདྲི། ཁོར་ཡུག་བཅོས་སྒྲིག་སོགས་མཉམ་སྐྲུན་མཉམ་འབྲེལ་གྱི་བྱེད་སྒོ་སྤེལ་བ་དང་། ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་སྒྲིག་འཛུགས་བྱས་ནས་གསར་བརྗེའི་རྟེན་གཞིར་ལྟ་སྐོར་དང་གསར་བརྗེའི་གློག་བརྙན་ལ་ལྟ་བ། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དྲང་ནུས་བརྒྱུད་སྤྲོད་བཅས་བྱས་ནས་ཁོང་ཚོའི་ཕུགས་འདུན་གཏན་དུ་གནས་པ་དང་བསམ་བློ་རྟག་ཏུ་གསར་པ་གནས་པར་ཁྲིད་སྟོན་བྱས་ཡོད།
“དབུ་དཀར་གྱི་ཉམས་འགྱུར”ངོམ་ནས་ནུས་པ་བཏོན་པ།
མལ་གྲོ་གུང་དཀར་རྫོང་གིས་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་གྱི་ལེགས་ཆའི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ནས་གཞི་རིམ་གྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།
ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ས་གནས་དེ་གའི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པ་མ་ཟད་གཟུགས་གཞི་ཐང་པོ་ཡོད་པའི་ཏང་ཡོན་25གདན་དྲངས་ནས“དབུ་དཀར་གདོང་ལེན་པའི”སྒྲོག་འགྲེལ་རུ་ཁག་བཙུགས་པ་དང་འབྲེལ། དམངས་ཡོངས་ཀྱི་དྲིལ་བསྒྲགས་སློབ་གསོའི་སྟོབས་ཤུགས་སུ་བཅུག་ནས་སློབ་གྲྭ་དང་དགོན་སྡེ་སོགས་སུ་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་ཕུལ་བྱུང་ཏང་ཡོན་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱས་ཏེ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཡོད།
ཉམས་མྱོང་གི་ལེགས་ཆ་འདོན་སྤེལ་གྱིས་སྲིད་ཇུས་ཤེས་པ་དང་། ཉམས་མྱོང་ཡོད་པ། ཐབས་ཤེས་ཡོད་པ་བཅས་ཀྱི་ཏང་ཡོན་12བསྡུས་ནས། “དབུ་དཀར་གདོང་ལེན་པའི”རིག་རྩལ་རུ་ཁག་བཙུགས་ཏེ། གླུ་གར་དང་། ཞབས་བྲོ། འཁྲབ་ཚན་ཐུང་ངུ་སོགས་རྣམ་པ་སྣ་ཚོགས་སྤྱད་ནས་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་། གསར་བརྗེའི་རིག་གནས། གོང་འཕེལ་གསར་པ་བཅས་མངོན་པར་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་ཟབ་མོ་བཏོད་ཡོད།
“མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་སྤྱོད”ཏན་ཏིག་སྤེལ་ནས་ཞབས་འདེགས་ཧུར་ཐག་ཞུས་པ།
མལ་གྲོ་གུང་དཀར་རྫོང་གིས་དོ་དམ་བྱེད་རིང་དོ་དམ་གྱི་འདུ་ཤེས་དང་ཐབས་ཤེས་ཞབས་ཞུའི་ནང་མཉམ་འདྲེས་ཐུབ་པར་བྱས་ནས་ཞབས་འདེགས་ཡག་པོ་ཞུ་གི་ཡོད།
ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་ལ་བཅར་འདྲི་དང་འཚམས་འདྲིའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་གྱི་གཞི་རྩའི་གནས་ཚུལ་དང་། གཟུགས་པོའི་གནས་ཚུལ། བསམ་བློའི་གནས་ཚུལ། བྱེད་སྒོའི་གནས་ཚུལ། ཁྱིམ་ཚང་གི་གནས་ཚུལ། དགོས་མཁོའི་གནས་ཚུལ་བཅས་ལ་རྒྱུན་རྣམ་དོ་དམ་བྱས་པ་དང་། “སྨན་ཁང་དུ་ལུས་པ་དང་། གནས་ཚུལ་ཚབས་ཆེན་ཐོན་པ། འགལ་བ་དང་རྩོད་གཞི་ཡོད་པ། དམིགས་བསལ་དཀའ་ངལ་ཡོད་པ”བཅས་ཀྱི་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་ལ་འཚམས་འདྲི་བྱས་པ་རེད། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྒེར་11ལ་ཡིག་ཚགས་བཟོས་པ་དང་སྨན་ཁང་དུ་ལུས་པའི་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་ཚོར་འཚམས་འདྲིའི་དངུལ་སྤྲད་ནས་སེམས་ཁུར་མཚོན་པར་བྱས་པ་རེད།
སྲིད་ཇུས་དྲིལ་བསྒྲགས་དང་། དྲོ་སྐྱིད་སྦྱིན་པ། གཅེས་སྐྱོང་བྱེད་པ་སོགས་ཀྱི་སྙིང་ཉེ་བའི་བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་ལ་རྒྱུན་དུ་བཅར་འདྲི་བྱེད་པ་དང་། མཚམས་ཚིགས་གལ་ཆེན་སྐབས་འཚམས་འདྲི་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་དམངས་ཕན་རྨང་བརྟན་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་པ། དུས་སྟོན་གལ་ཆེན་སྐབས་ལས་ཐོག་ཏང་ཡོན་དང་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་མཉམ་དུ་རིག་རྩལ་སྐོང་འཁྲབ་སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ། མི་སྒེར་གྱི་འདུན་པར་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག“ལྗོངས་ནང་དང་ལྗོངས་ཕྱི”ཟུང་དུ་འབྲེལ་བའི་ལུས་གསོ་བྱེད་སྟངས་སྤྱད་པ། ལོ་ལྟར་ལས་བྲལ་ལས་འཁྱུར་གྱི་ལས་བྱེད་པ་ཏང་ཡོན་ལྗོངས་ནང་དང་ལྗོངས་ཕྱིར་ཁག་ཐེངས་གཉིས་ལ་ཕྱེ་ནས་ལུས་པོ་གསོ་བར་བཏང་བ་བཅས་རེད།