དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་དང་རྡུང་རྡེག་བཅོས་སྒྲིག་གི་བྱ་སྤྱོད་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-21

    འདི་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་མི་དམངས་ཉེན་རྟོག་པས་གཙོ་གནད་བྱེད་སྒོ་སྤེལ་ཡུལ་དུ་མཚན་བཤེར་བྱེད་བཞིན་པ།

    ཉིན་ཤས་བསྟུད་མར། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་རུ་ཐོག་མཐའ་མཚམས་དོ་དམ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་གོ་བདེ་ཤེས་སླའི་བྱ་ཐབས་སྤྱད་དེ་ཁོངས་གཏོཌ་ཁུལ་གྱི་གྲོང་ཚོ་དང་ཚོཌ་ཆུང་ཁག་ཏུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད། འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་བསྒྲགས་བྱེད་བཞིན་པ།

    འདི་ནི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་མི་དམངས་ཉེན་རྟོག་པས་གཙོ་གནད་བྱེད་སྒོ་སྤེལ་ཡུལ་དུ་མཚན་བཤེར་བྱེད་བཞིན་པ།

    དབྱར་དུས་ཀྱི་བདེ་འཇགས་བཅོས་སྐྱོང་དང་རྡུང་རྡེག་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཚུན། མངའ་རིས་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པ་ཡོངས་སྐུལ་སློང་བྱས་ཏེ་ནུས་ཤུགས་ཡོད་རྒུས“སྔོན་འགོག་ཚོད་འཛིན་གྱི་དྲ་བ”འཛུགས་པ་དང་། “མཚན་སྲུང་གི་ལས་གནས”བརྟན་པོ་སྲུང་བ། “སྐྱིད་ཉམས”ཡག་པོ་སྲུང་བ། “དུས་བདེའི་གཅུད་སྒོ”དམ་དུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ལ་དུས་བདེ་ཉེ་འགྲམ་དུ་ཡོད་པའི་ཚོར་སྣང་སྤྲད་དེ་དབྱར་དུས་ཀྱི“འགོག་སྲུང་གྱང”བརྟན་པོ་བསྐྲུན་ནས་དུས་བདེའི“མཚན་སྲུང་བ”ཡག་པོ་ཞིག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།