དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇཌ་རྒྱུན་ཤེས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-21

    ཆང་རག་བཏུངས་ནས་རླངས་འཁོར་གཏོང་མཁན་གཏན་འགོག་དང་རླངས་འཁོར་གཏོང་སྐབས་འགྲིམ་འགྲུལ་བཅའ་ཁྲིམས་ཡག་པོ་སྲུང་བའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འགྲིམ་འགྲུལ་བདེ་འཇགས་ཀྱི“ཁྱབ་སྤེལ་བརྒྱད”ཀྱི་བྱེད་སྒོ་གོ་སྐབས་སུ་བརྩིས་ཏེ། ཁོངས་གཏོགས་ཁུལ་གྱི་ཁེ་ལས་ཁག་ལ་འགྲིམ་འགྲུལ་བདེ་འཇགས་རྒྱུན་ཤེས་དྲིལ་བསྒྲགས་བྱེད་པར་བསྐྱོད་པ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྣེའུ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཀྲུང་གོ་ལྕགས་སྒྲོམ་མ་རྐང་ཚད་ཡོད་ཀུང་སི་བོད་རང་སྐྱོང་ལྗོངས་ཡན་ལག་ཀུང་སིར་བསྐྱོད་དེ། ཀུང་སི་དེའི་ལས་མིར་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཆེད་དོན་ཉེན་ཟོན་སློབ་གསོའི་སློབ་ཚན་གསོན་ཉམས་དོད་པོ་ཞིག་ཁྲིད་ཅིང་། དྲིལ་བསྒྲིགས་བྱེད་མཁན་མི་དམངས་ཉེན་རྟོག་པས་ངོ་ཐུག་གདོང་འཕྲད་ཀྱིས་དྲིལ་བསྒྲགས་དང་། PPTསྟོན་པ། ཉེན་ཟོན་སློབ་གསོའི་པར་གཞི་སྟོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཆང་བཏུངས་ནས་རླངས་འཁོར་བཏང་ན་གནོད་འཚེ་ཆེན་པོ་ཡོད་ལུགས་འགྲེལ་བཤད་བརྒྱབ་པ་དང་། ཁོངས་གཏོགས་ཁུལ་དུ་ཐོན་པའི་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ལས་འཛོལ་གྱོད་དཔེ་འཇུག་གཞིར་བྱས་ནས། ལས་འཛོལ་གྱོད་གཞིས་དོ་བདག་དང་དེའི་ཁྱིམ་ཚང་ལ་བཟོས་པའི་གནོད་འཚེ་དང་། ར་བཟི་འཁོར་གཏོང་དང་ཆང་བཏུངས་འཁོར་གཏོང་གི་ཚད་གཞི་གཏན་འཁེལ་དང་། དེར་ཆད་པ་གང་འདྲ་གཅོད་མིན། དེ་ལས་ཐོན་པའི་མཇུག་འབྲས་ངན་པ་སོགས་ལ་དབྱེ་ཞིབ་བྱས་ཏེ། ཚང་མར་ཉེ་འགྲམ་དུ་ཐོན་པའི་དཔེ་མཚོན་གྱོད་དཔེ་ལས་སྣ་སུན་དང་བསླབ་བྱ་ལེན་དུ་བཅུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།